བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་མགོ་དངོས་སུ་བརྩམས་པ།
ཟླ11པའི་ཚེས26ཉིན། བོད་ཡིག་ཆ་འཕྲིན་ཅན་གྱི་སྟེགས་བུ་སྐྲུན་པའི་ལས་གཞི་སྟེ“འཚོལ་བཤེར་མ་ལག་གི་བོད་ཡིག་
རྩིས་འཕྲུལ་མིང་བརྡའི་ངོས་འཛིན”གྱི་ལས་གཞི་མཉམ་འབྲེལ་ཆིངས་ཡིག་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་
སྲིད་འཛིན་ཐོག་ཁང་ཆེན་མོའི་ཉིས་ཐོག་གྲོས་ཚོགས་ཚོམས་ཁང་དུ་སྤེལ་ཞིང་། སློབ་གྲྭ་དེའི་སློབ་གཙོ་
གཞོན་པ་དགེ་རྒན་ཆེན་མོ་ཧིའུ་ཧྭ་ལགས་ཆིངས་ཡིག་འཇོག་པའི་བྱེད་སྒོར་ཞུགས་ཏེ་ལས་གཞི་
འདིར་ཁས་ལེན་དང་གདེང་འཇོག་ལེགས་པོ་གནང་བ་མ་ཟད། ཚད་མཐོ་ཞིང་སྤུས་ལེགས་
པའི་ངང་དུས་ལྟར་ཚན་ཞིབ་སྔོག་འདོན་གྱི་འོས་འགན་འགྲུབ་པ་དང་མཉམ་འབྲེལ་ནང་
དོན་དངོས་འབེབ་དང་མཉམ་འབྲེལ་ལས་གཞི་ཕན་འབྲས་ལྡན་པར་རེ་ལྟོས་ཞུས།
ཉེ་ལམ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་སྔོག་འདོན་བྱེད་པའི་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་ལས་གཞི་མཉམ་འབྲེལ་ཆིངས་ཡིག་འཇོག་པའི་བྱེད་སྒོ་དེ་ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་སྤེལ་ཞིང་། བོད་ཡིག་ཆ་འཕྲིན་ཅན་གྱི་སྟེགས་བུ་སྐྲུན་པའི་སློབ་གྲྭ་དང་ས་གནས། ཁེ་ལས་བཅས་ཀྱི་འཐབ་ཇུས་མཉམ་འབྲེལ་འབྲེལ་བ་དངོས་སུ་གཏན་འཁེལ་བྱས་པ་དང་། བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བ་དེ་མགོ་རྩོམ་ལེགས་ཤིང་། ཚད་གཞི་མཐོ་བ། ཕན་འབྲས་ཆེ་བའི་ངང་ཕྱོགས་ཡོངས་ནས་མགོ་བརྩམས་པ་རེད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་ཆིངས་ཡིག་འཇོག་པའི་མཛད་སྒོ་སྟེང་གི་ལྷན་པར།
མཉམ་འབྲེལ་གཉིས་རྒྱལ་གྱི་དམིགས་ཡུལ་མངོན་འགྱུར་བྱེད་པ།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་སྔ་གཞུག་ཏུ་པེ་ཅིང་དང་ལན་གྲུ ཟི་ལིང་སོགས་ཀྱི་སློབ་གྲྭ་ཆེན་མོ་དང་ཆ་འཕྲིན་ཚན་རྩལ་ཁེ་ལས་བཅས་སུ་ཡུལ་དངོས་རྟོག་ཞིབ་ངང་རྒྱ་ཆེ་བའི་བསམ་འཆར་བསྡུ་ལེན་བྱས་ཏེ་ལག་རྩལ་གྱི་ལམ་ཐིག་འཚོལ་ཞིབ་བྱས་པ་མ་ཟད། ལག་རྩལ་དཔྱད་ཞིབ་ཚོགས་འདུ་བསྡུས་པ་སོགས་རྣམ་པ་རེ་རེའི་དཔྱད་ཞིབ་བརྒྱུད་མཐར་ལས་གཞི་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཅས་སློབ་གྲྭ་དང་ཁེ་ལས། ས་གནས་བཅས་ཀྱིས་མཉམ་འབྲེལ་སྔོག་འདོན་བྱེད་པ་གཏན་འཁེལ་གནང་། དེ་ལས་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ལས་གཞི་འདིའི་ནང་ཉིང་ལག་རྩལ་ཏེ་འཚོལ་བཤེར་མ་ལག་གི་བོད་ཡིག་རྩིས་འཕྲུལ་མིང་བརྡ་ངོས་འཛིན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟིས་བོད་ཡིག་འཚོལ་བཤེར་མ་ལག་གི་སྒྲིག་གཞི་འཛུགས་སྐྲུན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འཚོལ་བཤེར་མ་ལག་གི་བོད་ཡིག་གྲངས་མཛོད་འཛུགས་སྐྲུན་འགན་འཁུར་བ་ཡིན།
ཟླ12པའི་ཚེས12ཉིན། བོད་ཡིག་ཆ་འཕྲིན་ཅན་གྱི་སྟེགས་བུ་སྐྲུན་པའི་ལས་གཞི་སྟེ“བོད་ཡིག་འཚོལ་བཤེར་མ་ལག་གི་སྒྲིག་
གཞི་འཛུགས་སྐྲུན”གྱི་ལས་གཞི་མཉམ་འབྲེལ་ཆིངས་ཡིག་དེ་པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟིའི་གྲོས་ཚོགས་
ཚོམས་ཁང་དུ་སྤེལ་ཞིང་། ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལུའུ་ཏུང་ཡུའུ་དང་ཀུང་ཟིའི་ཁྲིམས་མི་འཐུས་ཚབ།
ལག་རྩལ་རྐང་འཛིན་པ་བཅས་གྲོས་ཚོགས་སུ་ཞུགས་པ་དང་། སྐུ་ཞབས་ལུའུ་ཏུང་ཡུའུ་ཡིས་གཏམ་
བཤད་སྤེལ་ཏེ་མཉམ་སྦྲེལ་འཕེལ་རྒྱས་དང་ངོ་མཚར་ལྷན་སྐྲུན་གྱི་འདོད་བློ་བརྗོད།
རྒྱ་ཆེའི་བློ་གྲོས་བསྡུས་ཏེ་མཚོན་རྟགས་དྲ་གནས་ཀྱི་མིང་གསོལ་བ།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་དེ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་གལ་ཆེན་རང་བཞིན་དང་། འཚོལ་བཤེར་ནང་དོན་གྱི་ཕུན་ཚོགས་རང་བཞིན། ཡང་དག་རང་བཞིན། རྒྱ་ཡིག་དྲ་གནས་ཀྱི་མིང་དང་གཅིག་མཐུན་རང་བཞིན། དེ་མིན་རྒྱ་ཆེའི་དྲ་དམངས་ཀྱིས་ཡིད་ལ་འཛིན་བདེ་བ་བཅས་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་བསམ་འཆར་བསྡུ་ལེན་བྱས་ཤིང་། གྲོས་མོལ་དང་བགྲོ་གླེང་ཐེངས་གང་མང་བརྒྱུད་དེ་ཡོངས་འཛིན་ཞེས་པ་ནི་བོད་ཡིག་འཚོལ་བཤེར་མ་ལག་གི་དྲ་གནས་མིང་དུ་བཏགས་ལ། རྒྱ་ཡིག་ཏུ་སྒྲ་བསྒྱུར་ཏེ云藏ཞེས་དང་། མ་ཟད་ཡོངས་འཛིན་ཞེས་པའི་ལ་ཏིང་སྐད་ཀྱིས་དྲ་གནས་མིང་དུwww.yongdzin.comཞེས་ཐོ་འགོད་བྱས།
པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་ཆིངས་ཡིག་འཇོག་པའི་མཛད་སྒོ་སྟེང་གི་ལྷན་པར།
བོད་ཡིག་འཚོལ་བཤེར་མ་ལག་གི་དགེ་མཚན་བླ་ན་མེད་པ།
བོད་ཡིག་འཚོལ་བཤེར་མ་ལག་གི་གཙོ་འདོན་མི་སྣ་ཚེ་ལོ་ལགས་ཀྱིས་མཉམ་འབྲེལ་ཆིངས་ཡིག་འཇོག་པའི་བྱེད་སྒོའི་སྟེང་གསུངས་དོན། འཚོལ་བཤེར་མ་ལག་ནི་རིག་གནས་དང་ལོ་རྒྱུས་རྒྱུན་འཛིན་བྱེད་པའི་འདྲེན་གཟུགས་གསར་བ་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ཐད་གལ་ཆེ་བའི་དགེ་མཚན་ལྡན་པ་དང་། མ་ཟད་འཚོལ་བཤེར་མ་ལག་སོ་སོར་རང་ཉིད་ཀྱི་ལངས་ཕྱོགས་དང་ཕྱོགས་ལྷུང་ལྡན་ཞིང་། འཕྲིན་སྦྲེལ་དྲ་བའི་དུས་རབས་འདིར་འཚོལ་བཤེར་མ་ལག་བདག་འཛིན་བྱེད་ཐུབ་ན་སྐད་ཆའི་དབང་ཆའང་བདག་གར་བཟུང་ཡོད་པ་དང་། འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་བརྒྱུད་སྒྲོག་གི་རང་འགུལ་དབང་ཆའང་བཟུང་ཡོད་པ་ཡིན། བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་འདི་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ། བཀོལ་སྤྱོད་དང་ཁྱབ་རྡལ་བཅས་ལ་ཕན་པ་ལྡན་པར་མ་ཟད། བོད་ཀྱི་དེང་རབས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་དང་བོད་ཁུལ་སྤྱི་ཚོགས་ཀྱི་དེང་རབས་འཕེལ་འགྱུར་ཐད་ཀྱང་དགེ་མཚན་རབ་ཏུ་ལྡན། སློབ་གྲྭ་དང་ས་གནས། ཁེ་ལས་བཅས་གསུམ་གྱིས་བོད་ཁུལ་ཡོངས་སུ་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་སྔོན་བསྟར་ཁུལ་གྱི་དགོངས་ཚུལ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བའི་དམིགས་ཡུལ་ནས་རྐང་ཚུགས་ཏེ་ཐབས་ཤེས་ལེགས་པོ་འཐེན་ནས་འཐས་ཇུས་མཉམ་འབྲེལ་བདེ་བླག་ངང་སྤེལ་བ་དང་། ཕན་ཚུན་མཉམ་རྒྱལ་དང་མཚུངས་སུ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱེད་པའི་ཐུན་མོང་བློ་གྲོས་ཀྱི་འབྲས་བུ་དེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་སུ་བསྒྱུར་ཏེ་ས་གནས་ཀྱི་མཚོན་རྟགས་བསྐྲུན་པ་དང་རིག་གནས་ཀྱི་ཕན་འབྲས་མངོན་པར་རེ་སྨོན་བཅོལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com