མདོ་སྨད་ཁྲི་ཀའི་འཕེལ་རྒྱས་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས་ཁང་།
འཕེལ་རྒྱས་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས།
འཕེལ་རྒྱས་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་ཡོད་པའི་བོད་ཀྱི་འཕེལ་རྒྱས་ཚོང་ཁང་ནི་འཕེལ་རྒྱས་ཞེས་པའི་རྟགས་ཅན་གྱི་ཨ་མདོའི་བོད་ལྭ་འཚེམ་བཟོ་དང་ཕྱིར་འཚོང་བྱེད་བཞིན་པའི་སྒེར་གཉེར་ཚོང་ཁང་ཞིག་ཡིན་ལ། འཕེལ་རྒྱས་རྟགས་ཅན་གྱི་བོད་ལྭ་གསར་བསྐྲུན་བྱེད་མཁན་ཏེ་སྟག་ལྷ་ཐར་ལགས་ནི་ཞིང་སྡེ་གྲོང་རྡལ་ཅན་དུ་བསྒྱུར་བའི་འཕེལ་རིམ་ཁྲོད་གྲོང་ཁྱེར་དུ་ཡོང་ནས་ཚོང་ལས་གཉེར་ཏེ་ཕྱུག་འགྱུར་གྱི་ལམ་སྣེ་འདྲེན་མཁན་གྱི་ཚོང་བ་ཞིག་ཡིན་པ་རེད།
སྟག་ལྷ་ཐར་ལགས་ཀྱིས་ལོ18སྟེང་ནས་ཕ་མ་གཉིས་དང་མཉམ་དུ་འཚེམ་བཟོའི་ལག་རྩལ་སྦྱངས་འགོ་བརྩམས་པ་ཡིན་ལ། 2007ལོ་ནི་ཞིང་སྡེ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྐབས་ཏག་ཏག་ལ་ཁེལ་འདུག་ཅིང་། ལོ་དེར་སྟག་ལྷ་ཐར་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ཕ་ཡུལ་གྱི་ཕྱུགས་ཟོག་སོགས་བཙོང་ནས། རྫོང་ཐོག་ཏུ་ཡོང་སྟེ་བོད་ལྭ་བཟོ་བ་དང་ཕྱིར་འཚོང་བྱེད་པའི་ཁང་བ་ཞིག་གླས་ནས་ཚོང་ལས་གཉེར་འགོ་བརྩམས་པ་རེད།
ལོ་ངོ་ལྔ་ཡི་རིང་དུ། སྟག་ལྷ་ཐར་ལགས་ཀྱིས་ཕྲུག་ལ་དང་གོས་ལ། ཚ་རུ་བཅས་འཚེམ་བཟོ་བྱས་པར་བརྒྱུད་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་རང་ཉིད་ལ་དབང་བའི་པ་ཏྲའི་དབྱིབས་ཅན་གྱི་འཕེལ་རྒྱས་ཞེས་པའི་ཚོང་རྟགས་ཤིག་བསྐྲུན་པ་རེད།
སྟག་ལྷ་ཐར་ལགས་ཀྱི་གཉེར་བཞིན་པའི་གྱོན་ཆས་ཁང་ཇེ་རྒྱས་ཇེ་ལེགས་སུ་སོང་བསྟུན་ནས། ཁོང་གི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་བ་སྟེ། སྟག་ལྷ་ཐར་བཟའ་མི་གང་བོ་ཁྲི་ཀ་རྫོང་ཐོག་ཏུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82ཡོད་པའི་སྡོད་ཁང་གསར་བའི་ནང་དུ་གནས་སྤོར་བར་མ་ཟད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ54ཡོད་པའི་ཚོང་ལས་གཉེར་ས་ཞིག་ཀྱང་ཉོས་པ་རེད།
ཚོང་པ་སྟག་ལྷ་ཐར་ལགས་ཀྱིས་ད་ལྟ་འཚེམ་བཟོའི་ལས་ཀ་གཉེར་བའི་ཞོར་དུ། ས་ཁང་བདག་ཁོངས་བརྒྱུད་འཚོང་བྱེད་པའི་ལས་ཀའང་གཉེར་བཞིན་ཡོད་པ་རེད། ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་འཚེམ་བཟོ་བྱེད་བཞིན་པའི་བོད་ཀྱི་གྱོན་ཆས་དེ་ད་ལྟའི་ཚོང་རའི་སྟེང་བྲིན་ཆེ་ཞིང་ཡོང་སྒོའང་མི་ཉུང་བ་ཞིག་ཐོན་བཞིན་ཡོད་དེ། ལོ་རེའི་དཔྱིད་ཀར་ཟླ་རེར་ཡོང་སྒོ་སྒོར་སྟོང7ལྥག་ཐོན་གྱིན་ཡོད་པ་དང་། དགུན་ཁར་ཉིན་རེའི་ཡོང་སྒོ་རྐྱང་མ་སྒོར800ལྷག་ཐོན་གྱིན་ཡོད་པ་རེད།
སྟག་ལྷ་ཐར་ལགས་སྤྱིར་བཏང་གི་ལག་ཤེས་ངལ་རྩོལ་པ་ཞིག་ནས་གྱོན་ཆས་འཚེམ་བཟོ་དང་ཕྱིར་འཚོང་བྱེད་པའི་སྒེར་གཉེར་ཚོང་བ་ཞིག་ཏུ་གྱུར་པ་དེ་ལས་ཁོང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་དེང་རབས་ཀྱི་ཚོང་ལས་འདུ་ཤེས་དྲག་པོ་ཞིག་མཚོན་ཐུབ་ཅིང་། ཁོང་གིས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་བོད་ཀྱི་རོང་འབྲོག་མང་ཚོགས་ལ་དུས་རབས་གསར་བར་ཁ་ཕྱོགས་ནས་ལས་ལ་བརྩོན་དགོས་པའི་དཔེ་ལེགས་ཤིག་བསྐྲུན་པ་རེད།
འཕེལ་རྒྱས་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས།
འཕེལ་རྒྱས་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com