མགོ་ལོག་གི་སྡེར་ནང་ས་བྲིས་ཡིག་གཟུགས་རྩིས་འཁོར་དུ་འཇུག་བཞིན་པ།
སྡེར་ནང་ས་བྲིས་ཀྱི་གླེགས་བམ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྡེར་ནང་ས་བྲིས་ཞེས་པའི་ཐུན་མོང་མ་ཡིན་པའི་བོད་ཡིག་གི་ཡིག་གཟུགས་འདི་ནི་ལོ་ཆེན་བེེ་རོ་ཙ་ན་མཆོག་གི་ཐུགས་སྐྱེད་དང་སྨོན་ལམ་ཆེན་མོའི་བར་མ་ཆད་ཅིང་། ཁམས་ཀྱི་ས་ངན་བླ་མ་བསྟན་འཛིན་ནས་དབུ་ཚུགས་ཏེ་བྲིས་རྒྱུན་ལེགས་པར་སྤེལ། རྗེས་སུ་བྲིས་རྒྱུན་དེའི་མིང་ལ་ས་བྲིས་ཞེས་ཆགས། བོད་རབ་བྱུང་བཅུ་གསུམ་པ་སྟེ་སྤྱི་ལོ1801ལོར་མགོ་ལོག་སེར་ནང་འཇང་བླ་མ་བསྟན་འཛིན་ནས་བྲིས་དེ་ལེགས་པར་བསླབས་ཤིང་། རྨ་ཡུལ་མགོ་ལོག་ཕྱོགས་སུ་བྲིས་རྒྱུན་སྤེལ། དེ་ནས་རིམ་བཞིན་ཁྲ་སྙན་གྲགས་དང་། བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེ། གློ་བླ་ཀ་དག ཁྲ་པད་གྲགས་སོགས་བརྒྱུད་པ་བར་མ་ཆད་པར་གསེར་རིའི་ཕྲེང་བ་ལྟ་བུ་བྱུང་།
སྡེར་ནང་ས་བྲིས་ཀྱི་ཐིག་རྩ་དང་པིར་སྙུག
སྡེར་ནང་ས་བྲིས་ཀྱི་སྣག་བུམ་དབ་སྣག་རྩི།
ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་མཚན་སྙན་རབ་ཏུ་འབར་བའི་བྲིས་རྒྱུན་འདི་ནི་རང་བཞིན་གྱི་ལག་ཤེས་ཙམ་གཏན་ནས་མ་ཡིན་པར་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་མཐོ་ལ་བྱིན་རླབས་ཀྱི་ཚན་ཁ་མྱུར། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ལ་མཛེས་དག་གཙང་གསུམ་གྱི་ཁྱད་ཆོས་ཤིན་ཏུ་ཆེ་བས་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མང་པོས་གདེང་འཇོག་ཚད་མཐོན་པོ་གནང་མུས་ཡིན།
2008ལོར་སྡེར་ནང་ས་བྲིས་ཡིག་གཟུགས་འདི་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཤག་རིག་གནས་ཀྱི་གྲལ་དུ་བཞག ད་ལྟ་རིམ་པ་གོང་འོག་གི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བླ་ན་མེད་པའི་འོག འགྲོ་སོང་འབོར་ཆེན་བཏང་ནས་རྩིས་འཁོར་དུ་སྡེར་ནང་ས་བྲིས་ཡིག་གཟུགས་ནང་འཇུག་བྱེད་པའི་ལས་གཞི་འགྲུབ་ལ་ཉེ་ཡོད།
མིག་སྔར་རྨ་ཡུལ་སྡེར་ནང་དགོན་གཙོར་བྱས་རྒྱུད་འཛིན་ཀྱི་སློབ་བུ་མང་པོ་འབྱུང་བཞིན་ཡོད་ཅིང་། གཟུགས་འདས་ཤུལ་བཤག་རིག་གནས་འདི་ཉིད་སྲུང་སྐྱོབ་དང་རྒྱུད་འཛིན་གང་ཐད་ལ་ནུས་པ་ཆེན་པོ་འདོན་བཞིན་མཆིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com