ནག་ཆུ་ས་ཆའི་གེ་སར་སྒྲུང་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-11 14:05:00 ཀློག་གྲངས།:

        ཤེས་གསལ་ལྟར་ན། 2010ལོར་ནག་ཆུ་ས་ཁུལ་གྱི་རིག་གནས་སྡེ་ཁག་གིས་ཡུལ་དེའི་འབྲོག་ཁུལ་ནས་གེ་སར་སྒྲུང་བ་དྲུག་ཅུ་རེ་ལྔ་ཙམ་ཡོད་པ་གསར་རྟོགས་བྱུང་ཞིང་།  མིག་སྔར་སྒྲུང་བ་དེ་རྣམས་ཀྱི་འབྲེལ་ཡོད་གནས་ཚུལ་གློག་ཀླད་ཀྱི་གཞི་འཛིན་གྲངས་མཛོད་ནང་དུ་བཅུག་ཟིན་པར་མ་ཟད།  ཁོ་ཚོས་བཤད་པའི་སྒྲུང་རྣམས་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ་གཞས་གདངས་དང་བཅས་པའང་སྒྲ་རུ་ཕབ་ཡོད་པར་བཤད།
        བོད་ཡུལ་དུ་གེ་སར་གྱི་སྒྲུང་བཤད་པའི་སྲོལ་དར་བ་ནས་བཟུང་།  ལོ་ངོ་བརྒྱ་ཕྲག་མང་བོའི་རིང་དམངས་ཁྲོད་སྒྲུང་བ་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་བྱས་པར་བརྟེན།  ད་ལྟའི་དུས་འདིར་གཏམ་རྒྱུད་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ་གང་ཅིའི་ཐད་འཛམ་པོ་གླིང་འདིར་མཐོང་དཀོན་པའི་དམངས་ཁྲོད་རང་བཞིན་གྱི་སྒྱུ་རྩོམ་གྲགས་ཅན་ཞིག་ཏུ་གྱུར་འདུག་པའི་ཁར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་ཀྱིས་ཀྱང་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་ངག་གཅིག་པུར་ཁས་བླངས་ནས་མིའི་རིགས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་གྲགས་ཅན་ཁྲོད་དུ་བཀོད་ཡོད།
       བསྡོམས་རྩིས་བྱས་པ་ལྟར་ན།  མིག་སྔའི་བར་བོད་ལྗོངས་ནས་སྒྲུང་བའི་ངག་ལ་བརྟེན་ནས་གེ་སར་གྱི་སྒྲུང་དཔེ་སྣ་ཚོགས་ཞེ་དགུ་ཙམ་སྒྲ་འབེབས་པར་བསྐྲུན་བྱས་ཟིན་པར་མ་ཟད།  པར་གཞི་རྙིང་གྲས་དང་ལག་བྲིས་མ་གཞིར་བཟུང་ནས་སྒྲུང་དཔེ་ཁག་སོ་གཉིས་ལྷག་པར་དུ་བཏབ་ཟིན་པར་བཤད།

དམངས་ཁྲོད་སྒྲུང་བ་རྣམས་ཀྱིས་གེ་སར་སྒྲུང་འཆད་བཞིན་པ།

ལོ་བཅུ་དགུ་ཅན་གྱི་དམངས་ཁྲོད་སྒྲུང་བ་བློ་རྒྱས།

གེ་སར་སྒྲུང་བ་ཚེ་རིང་དགྲ་འདུལ་གྱིས་མང་ཚོགས་ལ་འཁྲབ་སྟོན་བྱེད་བཞིན་པ།

ངོ་མཚར་ཆེ་བའི་སྒྲུང་ཞྭ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།