༄༅།།ཀུན་ཕན་ཐེབས་རྩ་ཚོགས་པའི་༢༠༠༨ལོའི་མཐོ་རིམ་སློབ་གསོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་མཚམས་སྦ

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ཀྱི་སྐད་ཡིག དུས་ཚོད།:2008-06-16 10:18:32 ཀློག་གྲངས།:

   ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གྱི་ལས་གཞིའི་རྩ་དོན་ནི་ཀྲུང་གོའི་བོད་ཁམས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་ནུས་ཤུགས་འདོན་ཐུབ་པའི་མི་སྒེར་རམ་ལས་ཁུངས་ལ་རོགས་སྐྱོར་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དེས་ན་རྩ་དོན་འདིས་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ང་ཚོས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་དོན་དངོས་ཀྱི་དམིགས་ཡུལ་ནི། བོད་ཀྱི་ཕ་སྐད་སློབ་གསོའི་མ་ལག་ཆ་ཚང་དང་འཕེལ་རྒྱས་ལ་གཏོང་བར་རོགས་རམ་བྱེད་རྒྱུ་དེ་ཡིན། ང་ཚོས་ཡིད་མཐུན་རོགས་སྐྱོར་བྱེད་པའི་ཁ་གཏད་གཙོ་བོ་ནི་བོད་ཀྱི་ཕ་སྐད་གཅིག་པའི་སློབ་གསོའི་ འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་འཇོན་ཐང་ཅན་གྱི་མི་སྣ་ཡིན་དགོས། དེར་བརྟེན། ང་ཚོའི་རེ་བ་ནི་རེ་ཞུ་བྱེད་མཁན་གྱི་མི་སྣའི་ངེས་པར་དུ་(ཡུལ་སྐད་ལ་དབྱེ་བ་མེད)བོད་ཡིག་བོད་སྐད་ལ་བྱང་ཆ་ལྡན་པའི་ཚད་ལྡན་གྱི་རེ་ཞུ་བ་ཡིན་དགོས།

   ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ལས་གཞི་དངོས་སུ་འགོ་བརྩམས་པའི་ལོ་ནི 1999 ལོའི་ལོ་མཇུག་ཡིན། 2007 ལོའི་བར་དུ་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡིད་མཐུན་ རོགས་སྐྱོར་གྱིས་བྱ་དགའ་སྡོམ་པའི་ 1370 ལྷག་ཕུལ་བྱུང་སློབ་གྲྭ་ཆེན་མོ་བ་དང་ལས་ཐོག་ཆེད་ལས་མི་སྣར་ཐོབ་ཟིན། དེའི་ནང་ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་ལས་གཞི་ནང་ཐད་ཀར་གདམས་གསེས་དང་རོགས་སྐྱོར་བྱས་པའི་མཐོ་རིམ་སློབ་གསོའི་སློབ་མ་སྡོམ་པའི་ 520 ལྷག་ཡོད། (དེའི་ནང་ 43 ཕྱི་འགྲིམས་སློབ་མ་ཡིན)

   འབྲེལ་ཡོད་ཀྱི་མི་རིགས་སློབ་གླིང་བརྒྱུད་ནས་ཕུལ་བྱུང་བཅའ་སྡོད་དངོས་གཞིའི་སློབ་མའི་སྦྱངས་འབྲས་ལེགས་ཐོན་ གྱི་བྱ་དགའི་དངུལ་གྱི་རྣམ་པའང་བཙུགས་ཡོད། སྡོམ་རྩིས་ལྟར་ན། ལེགས་ཐོན་བྱ་དགའ་ཐོབ་པའི་བཅའ་སྡོད་ཕུལ་བྱུང་དངོས་གཞིའི་སློབ་མ་ 400 ལྷག་ཡོད། 2004 — 2007 ལོའི་བར་དུ་འབྲེལ་ཡོད་སློབ་འབྲིང་དག་གིས་ཧུར་བརྩོན་མཉམ་འབྲེལ་གྱིས་སྒོ་ནས་ཐད་ཀར་བཟང་བོ་གདམས་གསེས་དང༌། བྱ་དགའི་སྐུལ་མ་བཏང་ནས་ལོ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ་ 550 ལྷག་ལ་བྱ་དགའ་བྱིན།

   ཀུན་ཕན་ཐེབས་རྩ་ཚོགས་པའི་མིག་སྔར་མཁོ་སྤྲོད་བྱས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རིགས་ནི་གཤམ་གསལ།

དངོས་གཞི་ཚན་ཁག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་སྒོར་མོ།

   ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་མིག་སྔར་ཐད་ཀར་གདམས་གསེས་དང་ འབྲེལ་ཡོད་མཉམ་ལས་སློབ་གླིང་མཉམ་སྒྲུབ་ཀྱིས་ཐབས་ལམ་གཉིས་ཀྱིས་སྒོ་ནས་བཅའ་སྡོད་དངོས་གཞི་སློབ་གྲྭ་ཆེན་མོར་ཡིད་མཐུན་རོགས་སྐྱོར་གྱིས་བྱ་དགའ་གནང་བ་ཡིན། བྱེ་བྲག་ཏུ “ ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མ་དངོས་གཞིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ ” དང་མཐོ་རིམ་སློབ་གླིང་ནང་ཆེད་བཙུགས “ ཀུན་ཕན་ཐེབས་རྩ་ཚོགས་པའི་ཕུལ་བྱུང་སློབ་གྲྭ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ ” རིགས་གཉིས་ཡོད། ནང་དོན་ཞིབ་ཏུ་གཤམ་གསལ།

     ༡ ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མ་དངོས་གཞིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་ སྒོར་མོ།

   “ ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མ་དངོས་གཞིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ ” ཡིད་མཐུན་རོགས་སྐྱོར་བྱ་ཡུལ་ནི་ས་གནས་སོ་སོའི་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་གསོའི་རྣམ་གྲངས་སློབ་འབྲིང་ཁྲོད་ལོ་དེའི་མཐོ་འབྲིང་མཐར་ཕྱིན་སློབ་མའི་ནང་དུ་ལོ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཕུལ་བྱུང་སློབ་མ་ཡིན་དགོས། “ ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མ་དངོས་གཞིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ ” 2007 ལོར་ཡིད་མཐུན་རོགས་སྐྱོར་བྱས་པ 294 ཡོད། 2006 ལོར་ཡིད་མཐུན་རོགས་སྐྱོར་བྱས་པ 162 ཡོད། 2005 ལོར་ཡིད་མཐུན་རོགས་ སྐྱོར་བྱས་པ 99 ཡོད། 2004 ལོར་ཡིད་མཐུན་རོགས་སྐྱོར་བྱས་པ 29 ཡོད། དེ་དག་ཡོད་ཚད་ལོ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མ་ཡིན། གདམས་ཐོན་བྱུང་བའི་མི་རེར་དམངས་སྒོར་སྟོང 3000 རེ་ཐེངས་གཅིག་རང་བཞིན་གྱིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་ཐུབ། བྱ་དགའ་འདི་ནི་མཐོ་འབྲིང་ དུས་སྐབས་དང་མཐོ་རྒྱུགས་ཁྲོད་ཀྱི་ཕུལ་བྱུང་གི་སློབ་མར་གནངས་པ་ཡིན། བྱ་དགའ་འདིས་སློབ་གྲྭ་ཆེན་མོའི་ལོ་དང་པོའི་དཀའ་ངལ་སེལ་ཐབས་བྱེད་རྒྱུ།

   བྱ་དགའ་ཐོབ་མཁན་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་ཞིབ་དཔྱད་གདམས་གསེས་བྱས་པ་ཡིན་ལ། ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱིལས་གཞི་གཞུང་སྒྲུབ་ཁང་གིས་ཐད་ཀར་བདག་གཉེར་དོ་དམ་བྱེད་རྒྱུ་ཡིན།

   མིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།