༄༅ །། ཡུལ་ཤུལ་མར་མེ་ཚོགས་པའི་སྒྲིག་ཡིག
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཚོགས་པའི་མིང་། ཡུལ་ཤུལ་མར་མེ་བྱམས་རྩེ་ཚོགས་པ།
དོན་ཚན་གཉིས་པ། ཚོགས་པའི་ངོ་བོ་ནི་ཁེ་ལས་མི་གཉེར་བའི་མཉམ་འགྲེལ་ཅན་གྱི་སྤྱི་ཚོགས་ཚོགས་པ་ཡིན་ཞིང་།ཚོགས་མི་གཙོ་བོ་ནི་ཡུལ་ཤུལ་ས་ཁུལ་གྱི་ལས་རིགས་སོ་སོའི་དང་བླངས་པ་ཡིན།
དོན་ཚན་གསུམ་པ། ཚོགས་པའི་སྙིང་དོན་ནི་རང་རྒྱལ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་སོགས་ལ་རྩི་སྲུང་ཞུ་བའི་འོག་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཚད་ལྡན་དང་དམངས་སྲོལ་ལ་མི་འགལ་བར། དམངས་ཁྲོད་ཀྱི་ཚོགས་པའི་ནུས་ཤུགས་བརྒྱུད་ནས་ཉམ་ཞན་རིགས་ཚོགས་ཀྱི་གཞི་རྩའི་འཚོ་གནས་ལ་སེམས་ཁུར་བྱེད་པ་དང་། ཡུལ་ཤུལ་ས་ཁུལ་གྱི་ཕ་སྐད་སློབ་གསོ་དང་རིམ་པ་སོ་སོའི་སློབ་གསོའི་གོང་འཕེལ་དང་ཡོངས་ཁྱབ་ལ་སྐུལ་སྤེལ་བྱེད་པ། སྤྱི་ཚོགས་ལྷིང་འཇགས་དང་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སེམས་ཁུར་བྱེད་པ་ཡིན།
དོན་ཚན་བཞི་པ། ཡུལ་ཤུལ་ཁུལ་དམངས་སྲིད་ཅུ་ནི་ཚོགས་པའི་ཆེད་ལས་བྱེད་སྒོའི་གཙོ་སྐྱོང་སྡེ་ཁག་ཡིན་པས།ཚོགས་པས་ཁུལ་དམངས་སྲིད་ཅུའི་བྱེད་སྒོའི་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་ལ་དང་ལེན་བྱེད་དགོས།
དོན་ཚན་ལྔ་པ། ཚོགས་པའི་གནས་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་སྐྱེ་དགུ་གྲོང་རྡལ་རྒྱལ་ཁའི་ལམ་ཨང༤༠པ།
ལེའུ་གཉིས་པ། བྱེད་སྒོའི་ཁྱབ་ཁོངས།
དོན་ཚན་དྲུག་པ། ཚོགས་པའི་བྱེད་སྒོའི་ཁྱབ་ཁོངས་ནི་ཡུལ་ཤུལ་ཁུལ་གྱི་རིག་སློབ་འཕྲོད་བསྟེན་དང་། སྤྱི་ཕན་དབུལ་སྐྱོར་སོགས་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོར་ཞལ་འདེབས་ཞུ་བ་དེ་ཡིན།
ལེའུ་གསུམ་པ། ཚོགས་མི།
དོན་ཚན་བདུན་པ། ཚོགས་པའི་ཚོགས་མིའི་རྣམ་གྲངས་ནི་མི་སྒེར་ཅན་གྱི་ཚོགས་མི་ཡིན།
དོན་ཚན་བརྒྱད་པ། ཚོགས་པར་ཞུགས་པའི་ཆ་རྐྱེན།
༡ ཚོགས་པའི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་དགོས་པ།
༢ ཚོགས་པར་ཞུགས་པའི་རེ་མདུན་ཡོད་པ།
༣ ཚོགས་པའི་བྱེད་སྒོའི་ཁོངས་གཏོགས་ནང་དགེ་མཚན་གང་འཚམ་ཞིག་ཡོད་པ།
༤ བསམ་བློ་སྔོན་ཐོན་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྲིད་ཇུས་ལ་བརྩི་བཀུར་བྱེད་པ།མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་བྱེད་པ། ཡུལ་ཤུལ་མི་དམངས་ལ་དགའ་ཞིང་རྩེ་བ། ས་ཁུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། སྤྱི་ཚོགས་ལ་འབུལ་བའི་བསམ་བློའི་འདུ་ཤེས་ཡོད་པ།
དོན་ཚན་དགུ་པ། ཚོགས་པར་ཞུགས་པའི་གོ་རིམ།
༡ ཚོགས་ཞུགས་ཀྱི་རེ་མདུན་ཞུ་ཡིག་འབུལ་བ།
༢ ཚོགས་མི་དངོས་གཞི་གཉིས་ཡན་གྱི་མཚམས་སྦྱོར་ཡི་གེ་འབུལ་བ།
༣ ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ།
༤ ལས་འཛིན་ལྷན་ཚོགས་སམ་ལས་འཛིན་ལྷན་ཚོགས་ཀྱིས་དབང་བཅོལ་བའི་ལས་ཁུངས་ཀྱིས་ཚོགས་མིའི་ལག་ཁྱེར་གཏོང་བ།
དོན་ཚན་བཅུ་བ། ཚོགས་མིའི་ཁེ་དབང་།
༡ ཚོགས་པའི་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་དང་བརྡས་ཐག་གཅོད་དབང་།
༢ ཚོགས་པའི་བྱེད་སྒོ་ལ་ཞུགས་ཆོག་པ།
༣ ཚོགས་པའི་ཞབས་འདེགས་ཀྱི་སྔོན་སྤྱོད་དབང་ཆ།
༤ ཚོགས་པའི་བྱ་བ་ལ་སྐྱོན་བརྗོད་དང་གྲོས་འཆར་འདོན་པ་དང་། བལྟ་སྐུལ་བྱེད་པའི་དབང་ཆ།
༥ ཚོགས་པར་ཞུགས་པ་རང་མོས་དང་། ཚོགས་པ་ནས་ཕྱིར་དོན་པ་ཡང་རང་དབང་ཡིན།
དོན་ཚན་བཅུ་གཅིག ཚོགས་མིས་སྒྲུབ་དགོས་པའི་འོས་འགན།
༡ ཚོགས་པའི་གྲོས་དོན་ཆོད་ཡིག་ལག་བསྟར་བྱེད་པ།
༢ ཚོགས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།
༣ ཚོགས་པས་སྤྲོད་པའི་བྱ་བ་འགྲུབ་པར་བྱེད་པ།
༤ གཏན་ཕབ་ལྟར་ཚོགས་པའི་ཚོགས་ཡོན་འཇལ་བ།<
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com