ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > ༄༅།།སྡེ་དགེས《བཀའ་བསྟན་འགྱུར》བསྐྱར་བརྐོའི་ལས་གཞི་ལ་སྐུལ་འདེད་བཏང་བ།
༄༅།།སྡེ་དགེས《བཀའ་བསྟན་འགྱུར》བསྐྱར་བརྐོའི་ལས་གཞི་ལ་སྐུལ་འདེད་བཏང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ།
དུས་ཚོད།:2019-12-19 11:27:24
ཀློག་གྲངས།:

བསྐྱར་བརྐོའི་ལས་གཞིའི་གོ་རིམ་ཁྲོད། འབྲེལ་ཡོད་སྡེ་ཁག་དང་ལས་སྒྲུབ་མི་སྣས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་དཔར་ཤིང་བརྐོས་མའི་ལག་རྩལ་རྒྱུན་འཛིན་དང་ཁྲིད་སྦྱོང་རྟེན་གཞི་གསར་འཛུགས་ཀྱི་བྱ་ཐབས་སྤྱད་དེ། ཡུན་རིང་རང་བཞིན་གྱི་བསྐྱར་བརྐོས་བྱ་ཡུལ་བཀོད་སྒྲིག་བྱས་ནས་བསྐྱར་བརྐོའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་བསྐྱར་བརྐོས་མྱུར་ཚད་མགྱོགས་སུ་བཏང་ནས་དུས་ཚོད་ཐུང་ཤོས་ནང《བཀའ་བསྟན་འགྱུར》གྱི་བསྐྱར་བརྐོས་ལས་གཞིའི་ལས་འགན་ལེགས་འགྲུབ་ཐུབ་པར་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པ་བརྒྱུད། 《བཀའ་བསྟན་འགྱུར》བསྐྱར་བརྐོ་བྱེད་པའི་ལས་གཞི་རིམ་བཞིན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་སུ་བསྒྱུར་རྒྱུ་རེད།
《བཀའ་བསྟན་འགྱུར》བསྐྱར་བརྐོའི་ལས་གཞི་ནི་ལག་རྩལ་རང་བཞིན་ལྡན་པའི་ལས་ཀ་ཞིག་ཡིན་ཞིང་། ཡི་གེ་ཚང་མ་ཕྱིར་སློག་ནས་པར་བརྐོ་བྱེད་དགོས་པ་དང་། ཕལ་ཆེར་ཉིན4ནས5འགོར་ན་ད་གཟོད་པར་ཤིང་གཅིག་གཞི་ནས་ལེགས་འགྲུབ་བྱེད་ཐུབ། པར་བརྐོ་ལེགས་གྲུབ་བྱུང་རྗེས་ད་དུང་ཆེད་ལས་མི་སྣས་ཐེངས་བཅུ་ལྷག་ཙམ་ལ་ཞུ་དག་བྱེད་དགོས་པ་དང་། མཐར་པར་བརྐོས་ལེགས་པའི་ཡི་གེའི་སྟེང་སྲུང་སྐྱོང་རྒྱུ་ཆ་བྱུགས་རྗེས་ད་གཟོད་བསྐྱར་བརྐོའི་པར་ཤིང་ཞིག་གཞི་ནས་ལེགས་གྲུབ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆིན་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲིན་ཁྲི་ལོ་བརྒྱད་པར(སྤྱི་ལོ1730ལོར) 《བཀའ་འགྱུར》པར་འདེབས་བྱེད་འགོ་ཚུགས་པ་དང་། ལོ་བཞི་སོང་རྗེས་པར་བརྐོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཁྱོན་དུམ་པ103དང་པར་ཤིང33101ཡོད་པ་རེད། 1739ལོར《བསྟན་འགྱུར》གྱི་པར་བརྐོའི་ལས་གཞི་མུ་མཐུད་དུ་བརྐོ་འགོ་ཚུགས་པ་དང་། པར་བརྐོ་ལས་བཟོ་བ500ལྷག་ཙམ་གྱིས་འབད་བརྩོན་བྱས་པ་བརྒྱུད་མཐར1742ལོར་ལས་གཞི་མཇུག་སྒྲིལ་ནས་ཁྱོན་དུམ་པ213དང་པར་ཤིང64200ཡོད་པ་རེད། 2014ལོའི་ཚེས10ཉིན་སྡེ་དགེ་རྫོང་པར་ཁང་གི《བཀའ་བསྟན་འགྱུར》གྱི་པར་གཞི་དེ་ལོ་བརྒྱའི་རིང་པར་སྐྲུན་མང་དུ་བྱས་པ་དང་གནས་སྤོར་སོགས་ཀྱི་དབང་གིས་ད་ལྟ་པར་ཤིང་ཟད་ནས་མི་གསལ་བ་དང་ཆགས་གྲུམ་ཤོར་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་རིག་དངོས་སྲུང་སྐྱོང་བྱེད་པའི་འདུན་པ་གཞིར་བཟུང་སྡེ་དགེ་རྫོང་གིས《བཀའ་བསྟན་འགྱུར》བསྐྱར་བརྐོ་བྱེད་པའི་ལས་གཞི་སྤེལ་འགོ་བཙུགས་པ་རེད།
སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ཅུའུ་ཡི་འགན་འཁུར་བ་བསམ་གཏན་གྱིས《བཀའ་བསྟན་འགྱུར》པར་བརྐོའི་བྱ་བ་ལེགས་གྲུབ་བྱུང་རྗེས། དེ་སྔའི《བཀའ་བསྟན་འགྱུར》གྱི་པར་ཤིང་རིག་དངོས་སྲུང་སྐྱོབ་ལ་བརྩིས་ནས་ཐམ་མནན་ཉར་ཚགས་བྱ་རྒྱུ་ཡིན་ལ། མིག་སྔར། རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་སུ་སྡེ་དགེ་པར་ཁང་ཁོ་ནས་སྔར་བཞིན་ཆེས་རྙིང་ཤོས་ཀྱི་པར་བརྐོས་ལག་རྩལ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། པར་འདེབས་ལག་རྩལ་རྒྱུན་འཛིན་བྱེད་པའི་ཐད་ནས་ཀྱང་བསམ་གཞིག་བྱས་ཚེ། བསྐྱར་བརྐོས་ལས་གཞི་ལག་བསྟར་བྱས་པ་དེས་སྲོལ་རྒྱུན་གྱི་པར་བརྐོའི་ལག་རྩལ་དར་རྒྱས་གོང་འཕེལ་གཏོང་ཐུབ་ལ། པར་ཤིང་བརྐོས་མའི་ལག་རྩལ་དེ་འབྲུ་སྒྲིག་པར་འདེབས་ཀྱིས་ཚབ་བྱེད་ཐུབ་པ་མ་ཟད། གློག་ཀླད་ཀྱི་པར་སྒྲིག་དང་མགྱོགས་མྱུར་ཚོན་པར་ཡང་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།