ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > ༄༅།།མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མཚོ་ལྷོ་ཁུལ་གྱི་ལས་གཞི་ཆེན་མོ་ཞིག
༄༅།།མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མཚོ་ལྷོ་ཁུལ་གྱི་ལས་གཞི་ཆེན་མོ་ཞིག
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-09 10:23:02
ཀློག་གྲངས།:


འཕྲིན་སྦྲེལ་དྲ་རྒྱས་དུས་དང་བར་སྟོང་གི་རྒྱང་ཐག་ཇེ་ཐུང་དུ་བཏང་ལ། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། ཟོག་སྦྲེལ་དྲ་རྒྱ་སོགས་ལག་རྩལ་གསར་བ་ཕན་ཚུན་ཟུང་སྦྲེལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ང་ཚོའི་བསམ་བློ་གཏོང་སྟངས་དང་ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་ལ་མགྱོགས་མྱུར་གྱིས་འགྱུར་ལྡོག་གཏོང་གི་ཡོད།

དེའི་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་ཆེས་ལེགས་པའི་ཞབས་ཞུ། ཆེས་དྲག་པའི་འགན་སྲུང་གིས་ཕྱོགས་སོ་སོའི་ནུས་ཤུགས་ལ་བརྟེན་ནས། རང་སྐྱོང་ཁུལ་གྱིས་ཡོངས་འཛིན་འཚོལ་བཤེར་གཙོས་པའི་བོད་སྐད་ས་ཁོངས་ཀྱི་ཆ་འཕྲིན་ཅན་མཐོ་གནས་དང་། རྒྱལ་ཡོངས་མཉམ་སྤྱོད་ཀྱི་ནུས་ཁུངས་གཙང་མའི་གཞི་གྲངས་ཆེན་མོའི་ཐོན་ལས་རྟེན་གཞི། རྒྱལ་ཁབ་རིམ་པའི་འཐབ་ཇུས་གྲབས་གསོག་ལྟེ་གནས། སྤྲིན་རྩིས་གཞི་གྲངས་ཆེན་མོའི་འཛད་སྤྱོད་ལྟེ་གནས། རིག་ལྡན་གྲོང་ཁྱེར་གསར་བའི་དཔེ་སྟོན་ལྟེ་གནས་སོགས་འཛུགས་སྐྲུན་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་འདི་མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་དང་གཅིག་འདུས་ཅན་གྱི་རིག་ལྡན་ཆ་འཕྲིན་བང་མཛོད་དང་། འགྲན་རྩོད་ནུས་ཤུགས་དང་སྣེ་ཁྲིད་ནུས་ཤུགས་དྲག་པའི་ཁྱད་ལྡན་མཚོན་རྟགས་གླིང་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་ལ། ནུས་ཡོད་སྒོས་གྲངས་འཛིན་དཔལ་འབྱོར་གྱི་སྔོན་བསྟར་ཁུལ་དང་དཔེ་སྟོན་ཁུལ་བསྐྲུན་ཏེ། གསེར་ཆེན་གཤོང་སའི་མཁར་གྲོང་ཁུལ་འདི་ལྗང་མདོག་འཁོར་སྐྱོད་དང་རྒྱུན་མཐུད་སྤུས་ལེགས་ངང་འཕེལ་རྒྱས་སུ་གཏོང་དགོས།
ད་སྔ་སྐོར་དང་པོའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཟིན།
5Gལག་རྩལ་གྱི་འཕེལ་རྒྱས་དང་། ཟོག་སྦྲེལ་དྲ་རྒྱའི་དུས་རབས་སླེབས་པ་དང་བསྟུན་ནས། གཞི་གྲངས་ནི་ཆུ་ཀླུང་བརྡོལ་བ་བཞིན་གོང་འཕར་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་ཡོད། གཞི་གྲངས་ཆེན་མོའི་དུས་རབས་འདིར། སུས་དུས་རབས་འདིའི་ལེགས་ཆ་དམ་འཛིན་བྱེད་ཐུབ་ན། སུས་གྲངས་འཛིན་དཔལ་འབྱོར་མ་འོངས་འཕེལ་རྒྱས་ཀྱི་གཙོ་འདོན་ནུས་པ་བདག་དམ་བྱེད་ནུས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།