-
གཞོན་པའི་སྟོབས་ཀྱི་ཆོད་སེམས་སྙིང་ལ་བཅངས་ཏེ།མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་རྩ་དོན་དང་།འགྲན་སྡུར་འདི་རྒྱལ་ཕམ་གྱི་དོན་ཙམ་མ་ཡིན་པར་སྔར་མེད་ཀྱི་སློབ་སྦྱོང་ཐེངས་ཤིག་དང་།ན་མཉམ་མང་པོ་ཞིག་དང་མཉམ་དུ་སེམས་དཔངས་བསྟོད་པའི་གོ་སྐབས་ཤིག་ཏུ་བསྒོམས་ཏེ་སློབ་ར་ལས་བརྒལ་བའི་སློབ་སྦྱོང་ཐེངས་གཅིག་ཡིན་པའི་བསམ་འདུན་གྱིས་འགྲན་སྡུར་ལ་ཞུགས་ཤིང་།མཇུག་མཐར་ཨང་བདུན་པའི་གྲུབ་འབྲས་དང་།U15ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་གཉིས་ཐོབ་པ་འདི་ཡང་སློབ་གྲྭ་ཞིག་དང་ས་གནས་ཤིག་གི་གཟི་བརྗིད་ཀྱི་དཔང་རྟགས་ཤིག་ཏུ་བསྒྲེངས་ཆོག་ལ།ངེད་སློབ་གྲྭའི་དབྱུག་རྩལ་རུ་ཁག་རྒྱལ་སྤྱིའི་གར་སྟེགས་སུ་འབུད་པའི་ཐོག་མའི་དབུ་ཁྱུད་ཀྱང་དངོས་སུ་བྲིས་པ་ཡིན་ནོ།།...
2023-08-29 09:38:05 མཚོ་སྔོན་པོ་དྲ་བ། 6728 -
ཟླ8ཚེས14ཉིན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་སྐབས་ལྔ་པའི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་།ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་རུའེ་དང་།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་།སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ།སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལེན་ཞང་མིང་དང་ལི་ཏེ་ཁྲེང་བཅས་མཛད་སྒོར་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་ཡང་གནང་བ་རེད།བྱ་དགའ་གནང་བའི་མཛད་སྒོ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་འགོ་འཛིན་བཀྲ་ལོས་གཙོ་སྐྱོང་གནང་བ་རེད།...
2023-08-17 09:12:00 མཚོ་སྔོན་པོ་དྲ་བ། 6722 -
རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།རྨ་ཆུའི་རིག་གནས་དར་སྤེལ།རྨ་ཆུའི་གཏམ་རྒྱུད་ཡག་པོ་ཤོད་པ།སེམས་ནུས་གཅིག་ཏུ་སྒྲིལ་བར་སྤྱི་འདོམས་མཐུན་སྦྱོར་བྱ་ཆེད།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་འགན་སྒྲུབ་བྱས་པའི“རྨ་ཆུའི་ཆུ་ནི་མཚོ་སྔོན་ནས་ཐོན།——རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་སྐབས་གསུམ་པ”དེ་ཟླ7པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་དངོས་སུ་མགོ་བརྩམས།མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་ཡང་བྱ་འགུལ་ཁྲོད་ཟབ་ཞུགས་བྱས་ཏེ་རྒྱབ་སྐྱོར་བྱས།...
2023-08-02 11:08:44 མཁར་རྩེ་རྒྱལ། འབའ་ཚེར། 6856 -
འཛམ་གླིང་སྟེང་མི་གྲངས་ཆེས་མང་པོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་།འཛམ་གླིང་སྟེང་སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ།འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི་བཅས་འཛམ་གླིང་ཟིན་ཐོ་གསུམ་གྱི་དཔང་ཡིག་སྤྲོད་པའི་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་ཐང་ཆེན་དུ་བསྡུས།འཛམ་གླིང་ཟིན་ཐོའི་ཀྲུང་གོར་སྡོད་པའི་སྙན་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲའོ་ཆིན་ཐའེ་དང་།འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་དཔོན་མཱ་ཁི་ཞི་མུའུ།འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་དཔོན་ཨན་ཡུང་ཧྲིན།རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་བཅས་དཔང་ཡིག་སྤྲོད་པའི་མཛད་སྒོར་ཞུགས།...
2023-07-24 08:44:51 མཚོ་སྔོན་པོ་དྲ་བ། 6867 -
ཉེ་ཆར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་།སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མི་རིགས་འཕྲིན་ལམ།མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་བོད་འབྲེལ་སྨྱན་སྦྱོར་གྱི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲིའི་ཚོ་ཆུང་དང་པོ་སྟེ།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བཅར་འདྲི་ཚོ་ཆུང་གི་བཅར་འདྲིའི་ལས་འགན་ཡིད་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད།...
2023-07-10 09:06:51 མཚོ་སྔོན་པོ་དྲ་བ། 7582 -
ད་ལོའི་མཐོ་རྒྱུགས་ཀྱི་སྐར་འབྲས་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས་ཀྱི་གནས་ཚུལ་ལས་ཤེས་པ་ལྟར་ན།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མ་དབང་ཆེན་མཚོ་མོས2023ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་སྤྱིའི་བསྡོམས་སྐར610བླངས་ཏེ་ཞིང་ཆེན་ཡོངས་ནས་མི་རིགས་སྐད་ཡིག་གི་རིག་ཚན་ཁྲོད་ཨང་དང་པོའི་གཡུར་ཟའི་གྲུབ་འབྲས་བླངས་ཡོད།...
2023-06-27 08:46:41 དྲ་བའི་རྩོམ་སྒྲིག་པ། 7365