-
རྒྱལ་རིགས་ཆོས་དང་ལྡན་པ་རྣམས།།འཁོར་ལ་བུ་བཞིན་བྱམས་པའི་ཕྱིར།།དང་པོར་འཇམ་པོས་བསྒོ་བ་ལས།།ཐོག་མ་ཁོ་ནར་ཚར་གཅོད་མིན།།...
2026-04-30 07:55:10 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 21 -
ལས་བྱེད་དཔོན་དུ་བསྐོས་གྱུར་ཀྱང་།།རང་འདོད་ཁོ་ནས་ཕྱོགས་བཟུང་ན།།དེ་ལ་གནད་ཀྱི་མཚང་བརྟོལ་ཏེ།།ཕྱིན་ཆད་ལས་འདི་བཟློག་ཅེས་བསྒོ།།...
2026-04-29 08:04:20 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 184 -
འཁོར་འབངས་གང་ཕན་སྐྱོང་བ་སོགས།།རྒྱལ་པོའི་ཆུས་ལ་ཕན་པའི་མི།།གང་ཡིན་ཤེས་ནས་དེ་དག་ལ།།ཕན་པའི་ཚིག་གིས་བསྔགས་པར་བྱ།།...
2026-04-28 08:02:36 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 276 -
ཅི་ནས་བཅོས་སུ་མེད་རྣམས་ལ།།འོས་པའི་ཆད་པ་མ་བཅད་ན།།མི་བསྲུན་འཕེལ་བས་རྒྱལ་ཁམས་འཇིག།དེ་བས་དང་པོར་སྨྲས་བཞིན་བྱ།།...
2026-04-27 08:01:30 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 349 -
འདི་ལས་བརྩམས་ཏེ་ངག་རྣམས་ལ།།སྐྱོན་དང་ཡོན་ཏན་རབ་མང་པོ།།སོ་སོར་ཤེས་པར་བྱས་ནས་སུ།།སྨྲ་དང་མི་སྨྲ་ཤེས་པར་བྱ།།...
2026-04-24 08:01:52 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 780 -
ཚིག་རྩུབ་མང་ན་འཁོར་རྣམས་འབྱེར།།རྫུན་གྱིས་རང་གཞན་ཐམས་ཅད་ཕུང་།།འཁྱལ་བའི་ངག་གིས་དོན་ཉམས་སྡུད།།དེ་ཕྱིར་དེ་དག་སྤང་བར་བྱ།།...
2026-04-23 08:20:14 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 709 -
དབྱེ་ཕྱིར་ཕྲ་མའི་ངག་རྣམས་ནི།།སྨྲ་བ་ལྟ་ཅི་མཉན་མི་བྱ།།གལ་ཏེ་མཉན་པར་འོས་པ་ལའང་།།བརྟགས་ཤིང་ངེས་པའི་བར་དུ་བསྒུག།...
2026-04-22 08:34:30 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 695 -
བློ་བཟང་དམ་པའི་སྐྱེས་བུ་ལ།།ཟུར་ཙམ་སྨྲས་ཀྱང་ཕན་པ་ཆེ།།ཕན་ཚིག་སྨན་དང་འདྲ་བ་དེ།།བཤད་དང་ཉན་པར་བྱེད་པའང་དཀོན།།...
2026-04-21 07:58:17 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 793 -
ཆར་གྱི་རྒྱུན་ཆེན་ཕབ་ན་ཡང་།།སྣོད་ཆུང་ནང་དུ་ཇི་ལྟར་ཆུད།།བློ་རྒྱུད་དམན་ལ་གདམས་བྱས་ཀྱང་།།ཕན་པ་རྒྱ་ཆེར་འབྱུང་མི་སྲིད།།...
2026-04-20 08:00:11 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 828 -
དུས་སུ་མ་བབ་པ་ཡི་གཏམ།།གང་སྨྲ་དེ་ལ་ཀུན་གྱིས་བརྙས།།དུས་སུ་བབ་ཅིང་འཐད་པ་ཡི།།ངག་ཚིག་བཟང་པོས་རང་གཞན་ཕན།།...
2026-04-17 08:16:22 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1106 -
དགྲ་དང་གཉེན་དུ་གྱུར་པ་ཕལ།།བྱ་བ་གཞན་ལས་བྱུང་བ་ཉུང་།།ཚིག་ལས་བྱུང་བ་ཤིན་ཏུ་མང་།།དེ་ཕྱིར་ཚིག་རྣམས་བརྟགས་ཏེ་སྨྲ།།...
2026-04-16 08:13:18 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1138 -
མ་བཏབ་གནད་དུ་ཟུག་པའི་མཚོན།།མ་འཐུང་ཁོང་དུ་སོང་བའི་སྨན།།མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ།།ཚིག་གི་ཁྱད་པར་རྣམས་ལ་ཡོད།།...
2026-04-15 08:06:03 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1197 -
སྦྱིན་སོགས་ཕན་པ་རྒྱ་ཆེ་ཡང་།།ཚིག་རྩུབ་སྨྲས་ན་གཞན་ཡིད་ལྡོག།མ་བྱིན་མ་ཕན་མ་བསྐྱངས་ཀྱང་།།སྙན་པར་སྨྲ་བས་འཇིག་རྟེན་སྡུད།།...
2026-04-14 08:01:39 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1227 -
དངོས་སུ་བསྟོད་ཅིང་ལྐོག་ཏུ་སྨད།།ལྕེ་གཉིས་སྦྲུལ་དང་མཚུངས་པ་ཡི།།སྐྱེ་བོ་ངན་པ་ཅིར་མི་རུང་།།དོན་ལྡན་སྨྲ་བ་འཇིག་རྟེན་རྒྱན།།...
2026-04-13 08:01:47 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1314 -
བསྟོད་བསྔགས་འཇིག་རྟེན་རྒྱན་ཡིན་ཀྱང་།།བླུན་པོ་ང་རྒྱལ་ཅན་ལ་དུག།རྫུན་དང་འདྲེས་པའི་ཟོལ་ཚིག་གིས།།སུ་ལ་ཡང་ནི་བསྟོད་མི་བྱ།།...
2026-04-10 08:03:24 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1635 -
བློ་དང་བསོད་ནམས་ལྡན་པ་ཡིས།།གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།སྙན་པར་སྨྲ་ཞིང་ལེགས་པར་བརྗོད།།དེ་ཡིས་རང་ཉིད་སྙན་གྲགས་འཐོབ།།...
2026-04-09 08:25:31 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1699 -
བསོད་ཆུང་ཕྲག་དོག་ལྡན་པ་རྣམས།།གཞན་ལ་སྨད་པ་འབའ་ཞིག་བྱེད།།དེ་ཡིས་གཞན་ལ་མི་གནོད་ལ།།རང་གི་གྲགས་པ་བརླག་པར་འགྱུར།།...
2026-04-08 08:03:44 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1653 -
གཞན་ལ་བསྟོད་པ་བྱས་གྱུར་ན།།རང་ཉིད་གཞན་གྱིས་བསྟོད་པར་བྱེད།།གཞན་ལ་ཇི་ཙམ་སྨད་བྱས་པ།།དེ་ཙམ་རང་ཉིད་གཞན་གྱིས་སྨད།།...
2026-04-07 08:30:38 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1990 -
བསྟོད་པས་འཇིག་རྟེན་མགུ་འགྱུར་ཏེ།།ཕ་རོལ་དུའང་རང་ཉིད་བདེ།།དེ་བས་གཞན་གྱི་ཡོན་ཏན་ལ།།འཁུ་བར་མི་བྱ་བསྟོད་པར་བྱ།།...
2026-04-03 08:13:31 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3006 -
ཚིག་ཀུན་མི་སྨྲ་གསང་མི་དགོས།།ཐམས་ཅད་བཤད་པར་བྱ་བའང་མིན།།དུས་ལ་བབ་ན་གྲོས་བྱེད་ཚེ།།ཆེ་ཐབས་མི་བྱ་གནད་དོན་བརྗོད།།...
2026-04-02 08:15:57 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2826 -
ཇི་ལྟར་མཛའ་བར་གྱུར་ཀྱང་ནི།།དགོས་མེད་གསང་ཚིག་སྨྲ་མི་བྱ།།གསང་ཚིག་བུད་མེད་ལ་སྨྲས་པས།།སྐྱེ་བོ་ཕལ་ཆེར་ཉམས་ལ་ལྟོས།།...
2026-04-01 08:16:09 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2316 -
ཤིན་ཏུ་གསང་བར་འོས་པ་ནི།།རང་ལས་གཞན་པ་སུའང་མིན།།མཛའ་བས་མཛའ་བར་ཚིག་སྤེལ་ནས།།ཐ་མ་རྒྱལ་ཁམས་ཁྱབ་པར་འགྱུར།།...
2026-03-31 08:06:28 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2283 -
ཕན་གནོད་མེད་པའི་གཏམ་རྣམས་ལ།།དོན་ཆེན་ཡིད་ལ་བརྣགས་པའི་ལས།།དུས་མིན་པར་ནི་ཁར་དབྱུང་ན།།ཀུན་གྱིས་ཐོས་ཤིང་དོན་མི་འགྲུབ།།...
2026-03-30 08:13:15 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2366 -
བྱམས་ལྟོས་ཅན་གྱི་སྐྱེ་བོ་ལ།།འཁྱོག་བཤད་མི་བསྲེ་དྲང་པོར་བཤད།།ཁ་ནས་ཅི་འབྱུང་ཚོད་ཉུལ་ལ།།དྲང་པོར་མི་བཤད་ཅི་འོས་བརྗོད།།...
2026-03-27 08:21:27 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2556 -
སྐྱེ་བོ་མཁས་ཤིང་དྲང་བ་ལ།།དྲང་པོར་སྨྲས་ན་མགུ་འགྱུར་ཏེ།།བླུན་ཅིང་གྱ་གྱུར་སྤྱོད་རྣམས་ལ།།ཇི་བཞིན་བཤད་ཀྱང་དགོས་པ་ཆུང་།།...
2026-03-26 08:28:40 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2588








青公网安备63252102000006号