• རྒྱལ་པོའི་ཆུས་ལ་མི་ལྟ་བའི།།རང་འདོད་ཆེ་དེ་བློན་ཡིན་ན།།རྐུ་དང་རྔོན་པ་སྨད་འཚོང་མ།།བློན་གྱི་གོ་སར་ཅིས་མི་དབང་།།...

    2026-07-31 08:34:48 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1397
  • བློན་དང་ཞལ་ལྕེ་གཅོད་རྣམས་ཀྱིས།།ལེགས་ཉེས་ཚུལ་བཞིན་རྟིང་གཅོད་བྱ།།གཉེན་གྱི་ངོ་དང་གསུག་འབུལ་ལ།།ལྟ་ན་རྒྱལ་ཁམས་བརླག་པར་འགྱུར།།...

    2026-07-30 09:00:18 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1509
  • རྒྱལ་རིགས་མི་སྲུན་གྱུར་ན་ཡང་།།འཁོར་གྱིས་རྒྱལ་པོ་ཇི་ནུས་བསྲུང་།།མིག་ལ་ནད་ནི་བྱུང་གྱུར་ཀྱང་།།བཅོས་པར་བྱ་ཡི་འབྱིན་མི་རིགས།།...

    2026-07-29 15:06:44 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1536
  • འཁོར་རྣམས་ཀྱིས་ཀྱང་རྒྱལ་པོ་ལ། །བུ་གཅིག་བཞིན་དུ་བརྩེ་བྱ་སྟེ།།འཁོར་གྱི་ཆེ་བ་གང་ཐོབ་པ།།རྒྱལ་པོ་ཉིད་ཀྱི་དཔལ་ལས་བྱུང་།།...

    2026-07-28 08:52:00 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1648
  • ལེགས་བྱས་བརྗེད་པར་མི་བྱ་བར།།དྲིན་དུ་གཟོ་ཞིང་བསྔགས་པ་བརྗོད།།འཁོར་ལ་བྱམས་པས་སྙོམས་ཁྱབ་ན།།འཁོར་རྣམས་འདུ་ཞིང་དོན་ཀུན་འགྲུབ།།...

    2026-07-27 09:35:28 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 1736
  • ལས་བྱེད་རྣམས་ལ་ཅི་འོས་པའི།།ཟ་ཐང་དང་ནི་ལེགས་པའི་ལས།།བསྒྲུབས་པའི་དགའ་སྟོན་གནང་སྦྱིན་རྣམས།།རྒྱལ་པོས་དགག་པར་མི་བྱའོ།།...

    2026-07-24 08:18:31 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2065
  • བློན་དང་ལས་བྱེད་མི་རྣམས་ལ།།རྟག་ཏུ་བརྩེ་བས་བསྐྱང་བྱ་སྟེ།།གང་ཕྱིར་རྒྱལ་པོའི་བདེ་སྡུག་ནི།།འཁོར་གྱི་སྐྱེ་བོའི་ལག་ན་གནས།།...

    2026-07-23 08:17:20 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2086
  • ཉེ་བའི་འཁོར་དུ་གྱུར་རྣམས་ལ།།རྒྱུ་མཚན་ཆུང་ངུས་ཁྲོ་མི་བྱ།།འཁོར་རྣམས་བུ་བཞིན་ལེགས་བསྐྱངས་ན།།ཀུན་གྱིས་རྒྱལ་པོ་ཕ་བཞིན་སེམས།།...

    2026-07-22 08:01:49 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2165
  • ནང་མི་འཁོར་གྱི་སྐྱེ་བོ་ཡི།།མི་རིགས་བྱ་བ་བྱེད་ན་ཡང་།།ཤིན་ཏུ་ཚར་གཅོད་མི་བྱ་སྟེ།།འཇམ་པོའི་ཐབས་ཀྱིས་རྒྱང་དུ་འདོར།།...

    2026-07-21 07:59:56 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2160
  • ལས་ཀྱི་དབང་གིས་རྒྱལ་པོ་གཞན།།བརྩེ་བའི་གནས་སུ་གྱུར་ན་ཡང་།།ཇི་ལྟར་འོས་པར་དགའ་བྱ་ཡི།།མི་འོས་དབང་གཏད་ཅི་ལ་བྱ།།...

    2026-07-20 08:27:20 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2237
  • གང་ན་མི་བདག་ངན་པ་ཡིས།།ངན་པ་རྣམས་ལ་རྗེས་བརྩེ་ན།།ངན་པའི་ཕྱོགས་རྣམས་སྤྲོ་འགྱུར་ཞིང་།།བཟང་པོའང་ངན་པའི་ཕྱོགས་སུ་གཞོལ།།...

    2026-07-17 07:51:13 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2597
  • གང་ན་མི་བདག་བཟང་པོ་ཡིས།།བཟང་བྱེད་རྣམས་ལ་ཐུགས་བརྩེ་ན།།བཟང་པོའི་ཕྱོགས་རྣམས་སྤྲོ་འགྱུར་བཞིན།།ངན་པའང་བཟང་པོའི་ཕྱོགས་སུ་གཞོལ།།...

    2026-07-16 07:47:01 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2672
  • སྙིགས་མའི་དུས་ཀྱི་རྒྱལ་རིགས་ཕལ།།བཟང་པོ་བྱེད་ལ་རྗེས་འཛིན་མེད།།ངན་བྱེད་ཚར་གཅོད་མེད་གྱུར་ཚེ།།བཟང་པོ་རྣམས་ཀྱང་ཡི་ཆད་འགྱུར།།...

    2026-07-15 07:51:23 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2721
  • ཡ་རབས་ཡོན་ཏན་ཅན་ལ་དགའ།།མ་རབས་རྐུ་ཁྲམ་རྔོན་པར་དགའ།།ཆགས་ཅན་སྨད་འཚོང་མ་ལ་དགའ།།འཇུངས་པ་ཟས་དང་ནོར་ལ་དགའ།།...

    2026-07-14 07:42:38 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2774
  • བློ་ལྡན་གཙུག་ལག་ཤེས་པ་དང་།།བསོད་ནམས་ཆེ་ཞིང་ཡ་རབས་རྣམས།།ཡུལ་གྱི་རྒྱན་དུ་གྱུར་པས་ན།།དེ་ལ་རྒྱལ་པོ་དགའ་བར་བྱ།།...

    2026-07-13 08:00:18 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 2850
  • ཅང་ཤེས་རྟ་དང་སྐྱེས་བུ་མཆོག།ཕལ་བའི་ཚུལ་དང་སྦྱར་མི་རུང་།།སྐྱེ་བོ་ངན་དང་སྲིན་མོའི་གཟུགས།།ཡ་མཚན་གནས་སུ་འཛིན་མི་རུང་།།...

    2026-07-10 08:32:28 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3099
  • བྱ་བའམ་སྐྱེས་བུའི་བཟང་ངན་ནི།།མངོན་དུ་གྱུར་ཚེ་སུས་ཀྱང་ཤེས།།ས་བོན་ལ་ནི་ནུས་པ་བཞིན།།སྔ་ནས་ཤེས་ན་མཁས་པ་ཡིན།།...

    2026-07-09 07:56:54 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3165
  • བརྒྱ་སྟོང་ནང་ནས་རེས་འགའ་ཙམ།།ཡོན་ཏན་ཆེ་ལྡན་འབྱུང་ན་ཡང་།།ཁྲོན་སྦལ་གྱིས་ནི་རྒྱ་མཚོ་བཞིན།།མི་རྣམས་ཕལ་གྱིས་དེ་མི་ཤེས།།...

    2026-07-08 08:15:43 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3209
  • མི་ཡི་བདག་པོའི་ལས་བྱེད་རྣམས།།གང་ཡང་རུང་བས་མི་ཆོག་གི།རྡོ་ལས་གསེར་ལྟར་བཀྲབས་ནས་སུ།།ཡོན་ཏན་ལྡན་པ་གཞག་པར་བྱ།།...

    2026-07-07 07:59:38 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3256
  • ལུས་ཀྱི་རྒྱན་དང་བྲན་གྱི་ཚོགས།།ཇི་ལྟར་འོས་པའི་གནས་སུ་བཞག།མངགས་པའི་ཕོ་ཉ་བཟོ་ཡི་སྤྱད།།ཇི་ལྟར་འཚམས་པའི་ལས་ལ་སྦྱར།།...

    2026-07-06 08:25:43 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3332
  • ས་སྐྱོང་བློ་དང་ལྡན་པ་རྣམས།།རྟག་ཏུ་རང་དབང་ཡོད་བྱས་ནས།།གཞན་ངོའི་དབང་དུ་མི་གཏང་ཡང་།།གཞན་དག་མགུ་བར་བྱེད་ལ་མཁས།།...

    2026-07-03 08:17:39 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3586
  • ནད་ལ་གཏོང་བའི་སྨན་བཞིན་དུ།།སོ་སོའི་རང་སྐལ་ཡོན་ཏན་གནད།།ཇི་ལྟར་ཚང་བས་དོན་འགྲུབ་ཀྱི།།ཐམས་ཅད་འགྲུབ་པའི་མི་དེ་དཀོན།།...

    2026-07-02 08:09:05 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3646
  • དེ་ཕྱིར་མི་བདག་མཁས་པ་ཡིས།།ཡོན་ཏན་དག་གི་གོ་རིམ་བཞིན།།མི་ལ་གོ་འཕང་སོ་སོར་སྦྱིན།།སྟེས་དབང་གོ་ས་སྟེར་མི་བྱ།།...

    2026-07-01 08:14:24 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3660
  • གང་ན་རྒྱུ་འབྲས་མི་བསྣོལ་ཞིང་།།སྤྱི་ལ་སྙོམས་པའི་སེམས་ཡོད་པ།།དེ་འདྲ་དཔོན་དུ་བསྐོས་གྱུར་ན།།གྲོང་ངམ་གྲོང་ཁྱེར་དག་ཏུ་བདེ།།...

    2026-06-30 08:06:44 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3752
  • བློ་གྲོས་རབ་ཏུ་གསལ་གྱུར་ཅིང་།།ལུགས་ལས་མི་གཡོ་བརྟན་པ་དང་།།བརྩེ་བས་འཁོར་འབངས་མཉམ་པར་སྐྱོང་།།བསོད་ནམས་རྒྱ་ཆེར་འདུ་བྱེད་པས།།...

    2026-06-29 08:19:41 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 3774

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།