• གསར་པའི་ཚེ་ན་འགྲོགས་བེ་ཞིང་།།ཡུན་དུ་བསྟེན་ན་རྒྱུ་མེད་པར།།སྐྱོ་བ་སྐྱེད་པའི་གྲོགས་པོ་ནི།།གཞུང་ངན་མི་བརྟན་པ་ཞེས་བྱ།།...

    2025-10-20 08:32:42 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7536
  • བྱིས་པ་རྣམས་ཀྱི་རྩེད་མོ་ལ།།ལྟད་མོ་ལྟ་བའི་རྒན་པ་བཞིན།།ཅོལ་ཆུང་རྣམས་ཀྱི་བྱ་བ་ལ།།ཁྲོ་དང་དགའ་བ་བསྐྱེད་མི་བྱ།།...

    2025-10-17 08:21:30 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7724
  • བདག་ཉིད་བདག་གི་མགོན་ཡིན་གྱི།།གཞན་པ་སུ་ཞིག་མགོན་དུ་འགྱུར།།དེ་བས་རང་དོན་ཤེས་པ་རྣམས།།ཡོན་ཏན་ལེན་ལ་ཤིན་ཏུ་བརྩོན།།...

    2025-10-16 08:09:39 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7798
  • ཕན་བཏགས་པ་ལ་དྲིན་མི་གཟོ།།གནོད་བྱས་ལན་ལྡོན་མེད་པ་ཡི།།ནུས་མེད་ལམ་ཁའི་ཐོ་ཡོར་དང་།།འདྲ་ལ་ཀུན་གྱིས་བརྙས་པར་བྱེད།།...

    2025-10-15 08:40:26 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7803
  • མི་ལྕོགས་པ་ཡི་བྱ་བ་ལ།།གཞན་གྱིས་རྦད་ཀྱང་བསྒྲུབ་མི་བྱ།།དགེའོ་དགེའོ་ཞེས་སྨྲས་པས།།མེ་ཡི་ནང་དུ་སུ་ཞིག་མཆོང་།།...

    2025-10-14 07:58:06 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7838
  • བདེ་ཞིང་འབྱོར་དུས་སྤོབས་པའི་གཟེངས་མཐོ་ཞིང་།།བཤད་ཀྱང་མི་གོ་ཀུན་ལ་རྩྭ་འདྲར་བརྙས།།འཇིགས་པ་མངོན་སུམ་བྱུང་ཚེ་ཞུམ་པའི་མཐར།།སྙེག་པར་བྱེད་པ་སྐྱེས་བུ་ཐ་ཤལ་རྟགས།།...

    2025-10-13 08:13:14 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7928
  • དྲང་པོ་ཕལ་ཆེར་གཞོམ་འགྱུར་ལ།།འཇམ་པོ་ཕལ་ཆེར་བརྙས་བགྱིད་པས།།དེས་ཤིང་དྲང་བ་རྣམས་ཀྱིས་ཀྱང་།།མི་བསྲུན་བླུན་ལ་ཅི་འོས་སྦྱར།།...

    2025-10-11 08:23:30 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 7989
  • ཐོག་མར་བདག་གི་ཚེ་དང་ལུས།།སྡེ་བཞིའི་རྩ་བར་གྱུར་པ་གང་།།ཡུན་དུ་བརྟན་ཞིང་འཚོ་བ་ཡི།།ཐབས་ལ་འབད་པས་བསྲུང་བར་བྱ།།...

    2025-10-10 08:22:43 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8027
  • ཅི་ཙམ་རྩི་ཞིང་བཀུར་བ་ན།།དེ་ལྟ་དེ་ལྟར་དུལ་བར་བྱ།།ཅི་ཙམ་བརྙས་ཤིང་འཚེ་བ་ན།།དེ་ལྟ་དེ་ལྟར་གཏུམ་པར་བྱ།།...

    2025-10-09 08:32:31 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8084
  • འཁོན་རྙིང་པ་དང་བུ་ལོན་ལྷག།མེ་མཆེད་ཆུང་ངུའི་དུས་ན་བཅད།།རྐོན་པའི་ནང་ནས་བྱ་ཤོར་བཞིན།།རྗེས་སུ་བགྱི་བར་དཀའ་བ་འཆི།།...

    2025-09-30 08:24:56 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8619
  • མ་བརྙས་མི་ཡི་རྩ་བ་ཡིན།།བརྙས་པའི་ནོར་གྱིས་ཅི་ཞིག་བྱ།།དགྲ་གོ་ཟུན་གོ་མི་ཆོད་པ།།མི་རུ་བཏགས་ཀྱང་ཕྱུགས་ལས་དམན།།...

    2025-09-29 08:21:10 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8690
  • ལོ་ལྔའི་བར་དུ་བུ་རྣམས་བྲིད།།ལོ་བཅུའི་བར་དུ་དགྲ་ལྟར་བརྡེག།བཅུ་དྲུག་ལོན་པར་གྱུར་ནས་ནི།།བུ་ལ་མཛའ་ལྟར་བྱ་བར་གསུངས།།...

    2025-09-28 08:45:06 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8718
  • ངལ་བ་བརྒྱ་ཡིས་གཙེས་པ་ཡིས།།ལུས་དུབ་པ་ཡིས་ཅི་ཞིག་བྱ།།བྱེད་པོ་སེམས་ནི་དུལ་བ་ན།།ཐར་པ་གམ་ན་གནས་དང་མཚུངས།།...

    2025-09-26 08:19:10 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8884
  • སེམས་ནི་རྣམ་པར་གཡེང་བའི་མི།།ཆུ་བོའི་རླབས་ཀྱིས་ཁྱེར་བ་བཞིན།།ཉོན་མོངས་སྡུག་བསྔལ་ཚོགས་ཀྱིས་དཀྲུགས།།རང་དབང་བདེ་བ་ནམ་ཡང་དཀའ།།...

    2025-09-25 08:41:17 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8893
  • གཞན་ཡང་རྒྱལ་པོ་རྒྱལ་རིགས་ཀྱི།།སྤྱོད་པ་བཟང་ངན་ཅི་འདྲ་བ།།དེ་འདྲའི་ཚུལ་ལ་བལྟས་ནས་སུ།།འབངས་རྣམས་དེ་དང་དེ་འདྲ་སྟེ།།...

    2025-09-24 08:14:45 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8923
  • དབང་དང་འབྱོར་པ་ལྡན་པ་ཡི།།རྒྱལ་རིགས་ཕལ་ཆེར་བག་མེད་པས།།མྱོས་པའི་གླང་ཆེན་བཞིན་དུ་འཁྱམས།།དེ་ཡི་འཁོར་ཀྱང་དེ་འདྲར་འགྱུར།།...

    2025-09-23 08:28:39 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 8995
  • རིགས་ངན་སྐྱེ་བོའི་ཚོགས་རྣམས་དང་།།ལྷན་ཅིག་སྤྱོད་པ་འདྲེས་གྱུར་ན།།སུས་ཀྱང་བཀུར་བར་མི་འགྱུར་ཞིང་།།བརྙས་བཅོས་མི་སྙན་རྗོད་པར་བྱེད།།...

    2025-09-22 14:53:49 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9034
  • ཡ་རབས་དམ་པའི་ཚུལ་ལ་ནི།།མི་མོས་གདོལ་བའི་སྤྱོད་པ་ཅན།།ཕལ་པ་ཡིན་ཡང་མི་མཛེས་ན།།རྒྱལ་པོའི་རིགས་ལ་སྨོས་ཅི་དགོས།།...

    2025-09-19 08:13:58 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9166
  • ས་བདག་བློ་གྲོས་ལྡན་པ་རྣམས།།ཡ་རབས་ལུགས་ལ་ཤིན་ཏུ་མོས།།འོད་ཟེར་སྟོང་དང་ལྡན་པ་ཡི།།ཉི་མ་འཇིག་རྟེན་འདི་ན་མཛེས།།...

    2025-09-18 08:22:11 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9286
  • ཀུན་གྱིས་ལྟ་ཞིང་རྟོག་པའི་གནས།།ཡིན་ཕྱིར་རྒྱལ་པོ་རྒྱལ་རིགས་ཀྱི།།སྤྱོད་པ་བཟང་ངན་ཕྲ་མོ་ཡང་།།འཇིག་རྟེན་ན་ནི་བརྗོད་ཅིང་དཔྱོད།།...

    2025-09-17 08:20:51 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9353
  • དེ་ཕྱིར་སྐྱེ་བོ་ཕལ་མོ་ཆེ།།ཀུན་ལས་རྒྱལ་པོ་གཉན་པའི་ཕྱིར།།མི་དབང་རྣམས་ཀྱི་སྤྱོད་པ་ལས།།ཕན་གནོད་འབྲས་བུ་རྒྱ་ཆེར་འབྱིན།།...

    2025-09-16 08:11:02 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9395
  • མི་ཤེས་སློབ་ཕྱིར་བླང་དོར་གནས།།འཆུག་མེད་ཁྲིམས་ཀྱིས་ལེགས་འཛིན་པའི།།ས་སྐྱོང་བཟང་ན་སྐྱེ་རྒུ་བདེ།།ངན་ན་འཁོར་འབངས་སྡུག་བསྔལ་འཐོབ།།...

    2025-09-15 07:56:58 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9454
  • ཉི་མ་ལྷུན་པོ་ས་གཞི་དང་།།ཆུ་གཏེར་ལྟ་བུར་བསྔགས་འོས་པའི།།མི་བདག་གང་ན་གནས་པ་ནི།།འཁོར་གྱི་སྐྱེ་བོ་ཉེར་འཚོའི་གཞི།།...

    2025-09-12 08:28:51 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9641
  • བློ་གྲོས་རབ་ཏུ་གསལ་གྱུར་ཅིང་།།ལུགས་ལས་མི་གཡོ་བརྟན་པ་དང་།།བརྩེ་བས་འཁོར་འབངས་མཉམ་པར་སྐྱོང་།།བསོད་ནམས་རྒྱ་ཆེར་འདུ་བྱེད་པས།།...

    2025-09-11 08:09:12 འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། 9681
  • གཙོ་བོར་ལས་འབྲས་དཀོན་མཆོག་ལ།།བློ་ཕུག་གཏད་ན་ཅི་བསམ་འགྲུབ།།ལྷ་ཡི་རྒྱལ་པོས་ཆར་ཕབ་ན།།ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར།།...

    2025-09-10 09:53:08 གུང་ཐང་བསྟན་པའི་སྒྲོན་མེ། 9740

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།