བོད་ལྗོངས་ཀྱི་ལྗོངས་རིམ་པའི་མཛེས་རྩལ་ཁང་ཐོག་མ་སྒོ་འབྱེད་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-11-17 09:42:51
ཀློག་གྲངས།:
ཟླ11པའི་ཚེས15སྔ་དྲོར། “མཐོ་སྒང་གི་ཡིད་སྣང་སྟེ་བོད་ལྗོངས་མཛེས་རྩལ་ཁང་སྒོ་འབྱེད་འགྲེམ་སྟོན”གྱི་མཛད་སྒོ་ལྷ་ས་གྲོང་ཁྱེར་ནས་སྤེལ་བ་རེད། ཐེངས་འདིའི་སྒོ་འབྱེད་འགྲེམ་སྟོན་ནང“བོད་ལྗོངས་བརྗོད་བྱའི་དེང་རབས་མཛེས་རྩལ་གྲུབ་འབྲས་འགྲེམ་སྟོན”དང“ཐང་ག་རྩེ་གྲ་འགྲེམ་སྟོན་རྒྱུད་འཛིན་དང་གསར་སྤེལ”སོགས་ཀྱི་འགྲེམ་ཁང་འདུས་པས། ཝུའུ་ཙུའོ་རེན་དང་ལི་ཁུ་རན། ཨ་མདོ་བྱམས་པ་སོགས་ཀྱི་སྒྱུ་རྩལ་པ་མིང་གྲགས་ཀྱི་བརྩམས་ཆོས300འགྲེམ་སྟོན་བྱས།
འདི་ནི་ཟླ11པའི་ཚེས15ཉིན་པར་བླངས་པའི་བོད་ལྗོངས་མཛེས་རྩལ་ཁང་གི་ཟུར་ཞིག་ཡིན།
ངོ་སྤྲོད་ལྟར་ན། བོད་ལྗོངས་མཛེས་རྩལ་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་རྣམ་གྲངས་གཙོ་བོ་ཡིན་པ་མ་ཟད། བོད་ལྗོངས་ཡོངས་ཀྱི་ལྗོངས་རིམ་པའི་མཛེས་རྩལ་ཁང་ཐོག་མ་ཡིན། 2020ལོའི་ཟླ3པར་བོད་ལྗོངས་མཛེས་རྩལ་ཁང་སྐྲུན་མགོ་ཚུགས་པ་དང་། 2023ལོའི་ཟླ11པར་བོད་ལྗོངས་མཛེས་རྩལ་ཁང་འཛུགས་སྐྲུན་མཇུག་སྒྲིལ་ནས་རྩིས་ལེན་བྱས།
འདི་ནི་ཟླ11པའི་ཚེས15ཉིན་ལྟད་མོ་པས་བོད་ལྗོངས་མཛེས་རྩལ་ཁང་གི་བརྩམས་ཆོས་ལ་གཟིགས་བཞིན་པའི་ཚུལ་རེད།
འདི་ནི་ཟླ11པའི་ཚེས15ཉིན་ལྟད་མོ་པས་བོད་ལྗོངས་མཛེས་རྩལ་ཁང་ནང་གི་རྡོ་བརྐོས་བརྩམས་ཆོས་ཞིག་ལ་ལྟ་བཞིན་པའི་ཚུལ་རེད།
བོད་ལྗོངས་མཛེས་རྩལ་ཁང་ལ་ལྟེ་གནས་ཁུལ་དང་སྒྱུ་རྩལ་རོལ་མྱོང་ཁུལ། སྒྱུ་རྩལ་པའི་བཅའ་སྡོད་གསར་སྤེལ་རྟེན་གཞི་དང་སྒྱུ་རྩལ་ཁྲོམ་ར་སོགས་ཀྱི་བྱེད་ནུས་ཁུལ་བཞི་འདུས་ཤིང་། ས་བཟུང་ཚད་སྤྱི་ཆིང4.7ཟིན་ཞིང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ32825ཟིན་ཡོད། རྒྱུས་ལོན་ལྟར་ན། ཐེངས་འདིའི་སྒོ་འབྱེད་འགྲེམ་སྟོན་ཟླ11པའི་ཚེས17བར་རྒྱུན་བསྐྱང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།