གཡང་དྲུང་རྒྱལ་གྱིས་གླུ་བཞེས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་སྙན་ངག་སྟེ《གེ་སར》ཁྱབ་བརྡལ་དུ་གཏོང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-22 11:56:00 ཀློག་གྲངས།:

  བོད་ཀྱི་གླུ་བ་གཡང་དྲུང་རྒྱལ་གྱིས་ལོ་ངོ་བརྒྱད་རིང་ལ་ཧུར་ཐག་བྱས་པ་བརྒྱུད《གེ་སར》གྱི་ཆེད་སྒྲིག་གཞས་ཚོགས་ཐོག་མ་འགྲེམ་སྤེལ་བྱས། ཟླ9བའི་ཚེས21ཉིན་ཁོང་གིས་ཀོང་ཀྲིག་ནས《བོད་ལྡེའུ》ཞེས་པའི་ཆེད་སྒྲིག་གཞས་ཚོགས་ཀྱི་གླུ་ལེན་ཆེད་ཚོགས་ཤིག་བསྡུས་ཤིང་། ཁོས་བཤད་པ་ལྟར་ན་ལོ་རྒྱུས་སྙན་ངག་རིང་མོ《གེ་སར》གྱི་སྒྲུང་ཁག་གླུ་དབྱངས་ཁྲོད་དུ་དྲངས་ནས་རྗེས་རབས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་ངེས་ཤེས་གསལ་བོ་ཞིག་བསྐྱེད་རྒྱུ་དེ་ཡིན་ཟེར།
  གཡང་དྲུང་རྒྱལ་ནི་གོ་བདེའི་གླུ་གཞས་ཐོག་མར་ལེན་མཁན་གྱི་བོད་ཀྱི་དེང་རབས་གླུ་བ་གྲགས་ཅན་ཞིག་ཡིན་ཞིང་། ཁོའི་ཆེད་སྒྲིག་གཞས་ཚོགས་ཁྲོད་དེང་རབས་ཀྱི་གོ་བདེ་བའི་གདངས་དབྱངས་སྤྱད་ནས《གེ་སར》རིག་གནས་ཀྱི་ཉིང་བཅུད་དར་སྤེལ་བྱས་ཡོད། གླུ་གཞས13འདུས་པའི་ཆེད་སྒྲིག་གཞས་ཚོགས་གསར་བ་དེ་བོད་རྒྱ་སྐད་གཉིས་སུ་དགར་བ་དང་། གླུ་གཞས་ཀྱི་གཉུག་གནས་རང་བཞིན་མི་འདོར་བའི་ཆེད་དུ་བོད་རིགས་ཀྱི་རོལ་ཆས་མང་པོ་སྤྱད་ཡོད་པ་རེད།
  གཡང་དྲུང་རྒྱལ་གྱིས་ཆེད་སྒྲིག་གཞས་ཚོགས་བསྒྲིགས་པའི་འགོ་མཇུག་བར་གསུམ་དུ་བོད་ཀྱི་རིག་གནས་ལ་དད་མོས་བྱེད་པའི་ལྷད་མེད་ཀྱི་བསམ་པ་ཞིག་དམ་པོར་བཅངས་ནས་གླུ་གཞས་ལེགས་པོར་འབྲི་རྩོམ་བྱེད་པའི་ཆེད་དུ་མཚོ་སྔོན་དང་། ཡུན་ནན། ཀན་སུའུ་སོགས་ལ་སོང་ནས་རྒྱུ་ཆ་འཚོལ་སྡུད་དང་བོད་ཀྱི་སྒྲུང་པ་རྣམས་ལ་བཅར་འདྲི་བྱས་པ་ཡིན་ཟེར།
  བགྲང་བྱ་བརྒྱད་ཀྱི་རིང་གཡང་དྲུང་རྒྱལ་གྱིས་ཁྱོན་བསྡོམས་གླུ་གཞས40ལྷག་བརྩམས་པ་དང་། དེའི་ཁྲོད་ཁོང་རང་ཉིད་ཆེས་དགའ་བའི་གླུ་གཞས13བདམས་ནས་ཆེད་སྒྲིག་གཞས་ཚོགས་སུ་བསྒྲིགས་པ་རེད། གླུ་གཞས་འདི་དག་ནི་གླིང་གེ་སར་རྒྱལ་པོ་དང་འབྲེལ་བ་དམ་པོ་ཡོད་པའི་མི་སྣ་ཁག་བརྗོད་གཞིར་བཟུང་ནས་གེ་སར་རྒྱལ་པོས་སྤུན་ཟླ་དང་། མ་ཡུམ། བཙུན་མོ་སོགས་ལ་བཅངས་པའི་བརྩེ་མདངས་མངོན་པར་མཚོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།