གླིང་བྲོ་བདེ་ཆེན་རོལ་མོ་ཞེས་བྱ་བའི་བརྙན་སྡེར་ཞིག་འགྲེམ་ལ་ཉེ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། དུས་ཚོད།:2011-09-22 10:28:00 ཀློག་གྲངས།:


གླིང་བྲོ་བདེ་ཆེན་རོལ་མོ་ཞེས་པའི་བརྙན་སྡེར་གསར་བ།   

            གླིང་བྲོ་བདེ་ཆེན་རོལ་མོ་ཞེས་བྱ་བའི་བརྙན་སྡེར་འདི་ནི་ཕྱི་སྙན་ངག་གི་ཉམས་འགྱུར་ནང་བྱིན་རླབས་ཀྱི་དྲོད་ཚན། གསང་བ་མདོ་སྔགས་ཀྱི་དགོངས་སྤྱོད་ཡོངས་སུ་རྫོགས་པའི་གླུ་བྲོ་ངོ་མཚར་ཅན་ཞིག་སྟེ།  རྗེ་བཙུན་འཇམ་པའི་དབྱངས་བསམ་བཞིན་མིའི་རྣམ་པར་རོལ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པའི་གཏེར་མཛོད་ལས་བྱུང་བའི་རྡོ་རྗེའི་ཚིག་རྣམས་ལ་བཟོ་བཅོས་དང་བསྲེ་བསླད་མེད་པར་ཡོངས་སུ་ཚང་བར་བཀོད་ཡོད།
            བྲོ་གར་གྱི་སྟངས་སྟབས་དག་ནི་སྙིགས་དུས་འགྲོ་བའི་མགོན་པོ། རིས་མེད་བསྟན་པའི་གསལ་བྱེད། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོས་སྤྱན་བསྟར་དང་དགོངས་བཞེས་མཛད་དེ། འདི་ལྟར་བོད་ཁམས་མཐའ་དབུས་མེད་པར་ཁྱབ་བརྡལ་དུ་དར་ཞིང་གཞོན་ནུ་ཕོ་མོ་དག་གིས་བྲོ་གར་གྱི་སྟངས་སྟབས་དག་ལ་རྗེས་སུ་ཟློས་ཏེ་འཁྲབ་ཐུབ་པ་ཞིག་བྱུང་ན། ཡུལ་གངས་ཅན་དུ་བཀྲ་ཤིས་པ་རྟག་ཏུ་འཕེལ་ཞིང་འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་ངན་པ་རྣམས་རྒྱུན་ཆད་ནས་དགའ་སྐྱིད་རྫོགས་ལྡན་གྱི་དཔྱིད་དཔལ་བླ་ལྷག་ཏུ་འཕེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བར་བཞུགས་པར་གསུངས་པའི་ཐུགས་བསྐྱེད་བཞིན་དུ།  དང་འདོད་ཡིད་ཆེས་ཀྱི་དད་པ་འབའ་ཞིག་གིས་བསྐུལ་ནས་སྒྲ་གཟུགས་ཀྱི་བརྙན་དུ་ཕབ་ཅིང་།  མི་འགྱང་བར་ཐམས་ཅད་ཀྱི་གཟིགས་མོ་དང་དད་རྟེན་དུ་ཡུལ་གངས་ཅན་ནས་སྙན་པའི་གྲགས་པ་གཡུ་འབྲུག་ལྟར་ལྡིར་བའི་གླུ་བ་ཤེར་བསྟན་དང་ཆོས་རྒྱལ། གཡང་ཕྱུག་མཚོ། དར་མཚོ།   སྒྲོལ་མ་མཚོ་རྣམས་ཀྱི་སྙན་པའི་སྐད་ངག་དང་སྡེབས་ཏེ་ཕུལ་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།