རྔ་བའི་འགྲན་ཁུལ་གྱི་རྡུང་ལེན་འགྲན་ཚོགས་ཧུང་ཡོན་རྫོང་ནས་དངོས་སུ་སྤེལ་འགོ་ཚུགས་པ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-05 09:36:00 ཀློག་གྲངས།:


རྡུང་ལེན་འགྲན་ཚོགས་ཡུལ་དངོས་ཀྱི་རྣམ་པ།

            ཉེ་ཆར། གངས་ཆབ་ཟེགས་མ་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་སྐབས་བཞི་བ་ལས་རྔ་བའི་འགྲན་ཁུལ་གྱི་རྡུང་ལེན་འགྲན་ཚོགས་ཧུང་ཡོན་རྫོང་ནས་དངོས་སུ་སྤེལ་འགོ་ཚུགས་པ་རེད།
            སྐབས་འདིའི་འགྲན་ཚོགས་སུ་རྔ་བ་ཁུལ་གྱི་མཛོད་དགེ་རྫོང་དང་། འཛམ་ཐང་རྫོང་། རྔ་བ་རྫོང་། ཧུང་ཡོན་རྫོང་སོགས་ས་ཆ་སོ་སོ་ནས་ཡོང་བའི་ལྷན་སྐྱེས་ཀྱི་སྐད་ངག་ཅོ་ཀའི་དྲུག་འགྱུར་ལ་འགྲན་པའི་བོད་རིགས་རྡུང་ལེན་པ་མང་བོ་སྤྲིན་གྱི་ཚོགས་བཞིན་འདུས་པ་དང་། ངོ་མཚར་མིག་གི་དགའ་སྟོན་གྱི་དཔལ་དུ་ཤར་ཞིང་རྒྱུད་དྲུག་སྙན་དབང་གསོ་བའི་བདུད་རྩི་རུ་གྱུར་བའི་འགྲན་ཞུགས་རྩེད་རིགས་ཀྱི་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད་པ་རེད།
            སྐབས་འདིའི་རྡུང་ལེན་འགྲན་ཚོགས་ཀྱི་ཆེད་ཞུས་དཔྱད་འདེམས་པ་དང་མཚོ་སྔོན་མི་དམངས་བོད་སྐད་རླུང་འཕྲིན་ཕྱོགས་བསྡུས་ལེ་ཚན་སྡེ་ཁག་གི་གཙོ་འགན་པ་དགེ་རྒན་བསྟན་འཛིན་ལགས་ཀྱིས་བསྟན་དོན། འཛམ་གླིང་ཡང་རྩེ་རུ་འཚོ་གནས་བྱས་པའི་བོད་རིགས་མི་དམངས་ཀྱིས་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཉིང་བཅུད་གསེར་གྱི་རིལ་བུ་ལ་དུས་དང་བསྟུན་པའི་གསོན་ཤུགས་ཀྱི་འཕེལ་རྒྱས་སྦྱིན་ཡོད་པས། མི་རབས་ནས་ཚེ་རབས་སུ་མ་ཉམས་གོང་འཕེལ་ངང་བརྒྱུད་སྤྲོད་དང་འཕེལ་རྒྱས་བྱུང་ཡོད་པ་དང་། སྐབས་འདིའི་རྡུང་ལེན་འགྲན་ཚོགས་ཀྱི་དམིགས་ཡུལ་ཀྱང་མི་རིགས་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ལ་སྔར་ལས་ལྷག་པའི་སྒོ་ནས་དོ་སྣང་དང་སྲུང་སྐྱོང་བྱེད་པ་དང་། མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་སྒོ་ནས་དམངས་ཁྲོད་ངག་རིག་སྒྱུ་རྩལ་གྱི་བག་ཆགས་ཇེ་ཟབ་དང་ཁྱ བ་རྒྱ་ཇེ་ཆེར་གཏོང་རྒྱུ་དེ་ཡིན་ཟེར།
            དེ་དང་ཆབས་ཅིག་ཏུ་འགྲན་ཞུགས་མི་སྣ་དག་ལ་བཅར་འདྲི་དང་རྒྱུས་ལོན་བྱས་པ་ལྟར་ན། ཁོ་ཚོ་ཐེངས་འདིར་རྡུང་ལེན་འགྲན་ཚོགས་སུ་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། མི་རིགས་སྲོལ་རྒྱུན་གྱི་རིག་གནས་ཉིང་བཅུད་ཀྱིས་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྡུང་ལེན་འགྲན ་ཚོགས་འདི་ལྟ་བུར་ཞུགས་པར་དོན་སྙིང་བླ་ན་མེད་པ་ལྡན་ཞིང་། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་རྡུང་ལེན་འགྲན་ཚོགས་ཀྱི་རྣམ་པ་འདི་བརྒྱུད་ནས་མི་རིགས་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་དང་རང་གི་སྤུན་ཟླ་ལ་སྙན་མོ་ངག་གི་མཆོད་པ་འབུལ་ཐུབ་པ་མ་ཟད། རྒྱལ་ཡོངས་དང་འཛམ་གླིང་ལའང་ང་ཚོའི་ལྷན་སྐྱེས་ཀྱི་སྐད་ངག་གོ་བར་འཇུག་ཐུབ་རྒྱུ་དེ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།