《ཀྲུང་གོའི་བོད་ཀྱི་གླུ་ཚོགས》སྐབས་གཉིས་པ་ལྷ་ས་ནས་སྤེལ་འགོ་བརྩམས་པ།
དཔྱད་འཇོག་ཨུ་ཡོན་མེ་སྙིང་རྡོ་རྗེ།
ཟླ6ཚེས11ཉིན་ནི་སི་ཁྲོན་འཁོར་སྐར་བརྙན་འཕྲིན་གྱི་སྐབས་གཉིས་པའི་བོད་ཀྱི་གླུ་ཚོགས་འཚོགས་པའི་ཉིན་དང་པོ་ཡིན་ལ། སྔ་དྲོ། འགྲན་ཞུགས་པ་རྣམས་བསྟུད་མར་འགྲན་ར་རུ་སླེབས་ཤིང་། ཉིན་ཕྱེད་ཙམ་དུ་རྒྱལ་ཁའི་འཛིན་བྱང་གཉིས་ཀྱི་འབྲས་བུ་ལོན་པ་ལ་གཞིགས་ན། ལྷ་སའི་འགྲན་ཞུགས་པ་རྣམས་ནི་རང་ག་བ་ཞིག་མིན་པའང་རྟོགས་ཐུབ།
དཔྱད་འཇོག་ཨུ་ཡོན་དབང་མོ།
ཉིན་དང་པོའི་སྔ་དྲོར། འགྲན་ཞུགས་པ་གཉིས་སྟབས་ལེགས་ཏེ་ཐད་བསྐྱོད་འཛིན་བྱང་ཐོབ་ཅིང་། དབང་འདུས་ཕུན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་གླུ་སྐད་ཀྱིས་དཔྱད་འཇོག་ཨུ་ཡོན་རྣམ་པའི་ཡིད་དབང་ཅིག་ཅར་དུ་འཕྲོག་པས། སྐབས་གཉིས་པའི་བོད་ཀྱི་གླུ་ཚོགས་སྟེང་གི་འཛམ་གླིང་གི་རྒྱལ་ཁའི་འཛིན་བྱང་དང་པོ་ལེན་ཐུབ་སོང་།
སྐབས་དང་པོའི་རྒྱལ་ཁའི་འཛིན་བྱང་ཐོབ་མཁན་དབང་འདུས་ཕུན་ཚོགས།
རྒྱལ་ཁའི་འཛིན་བྱང་ཐོབ་མཁན་གཉིས་པ་ནི་སི་ཁྲོན་རྔ་བའི་བཀྲ་ཤིས་བསྟན་འཛིན་ཡིན་ལ། 5.12ས་འགུལ་བྱུང་རྗེས། ཁོ་རང་ལྷ་སར་ཡོང་སྟེ་གླུ་བའི་བྱ་བ་གཉེར་ཞིང་། ཁོའི་ལྷན་སྐྱེས་ཀྱི་གླུ་སྐད་ཀྱིས་ལྟད་མོ་བ་རྣམས་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་པ་རེད།
གླུ་བ་བཀྲ་ཤིས་བསྟན་འཛིན།
ཉིན་ཕྱེད་ཀྱི་འགྲན་བསྡུར་བརྒྱུད། བོད་ཀྱི་གླུ་ཚོགས་སུ་ཞུགས་པའི་འགྲན་ཞུགས་མི་སྣ30ལྷག་གི་འཁྲབ་སྟོན་ལ་དཔྱད་འཇོག་ཨུ་ཡོན་གསུམ་གྱིས་རང་སོ་སོའི་ལྟ་ཚུལ་བརྗོད་ཅིང་། མེ་སྙིང་རྡོ་རྗེ་ཡིས་སྤྱིར་བཤད་ན་འགྲན་ཞུགས་པ་ཡོངས་ཅུང་འཚབ་ཀྱི་འདུག་པས་རང་གི་ཆུ་ཚད་ཡོངས་སུ་ཕྱིར་སྟོན་ཐུབ་ཀྱི་མི་འདུག་ཟེར། དེ་དང་ཆབས་ཅིག་ཏུ་ཁོསmichael jackson གྱི་གླུ་གཞས་ལེན་ཤེས་པའི་འགྲན་ཞུགས་པ་ཨང24པ་ལ་བོད་ཀྱི་གླུ་ཚོགས་སུ་མུ་མཐུད་དུ་གླུ་གཞས་ལེན་པར་རེ་ཞུ་ཆེན་པོ་གནང་།
དཔྱད་འཇོག་ཨུ་ཡོན་ཝུ་ཀྲིག་ཐུང་གིས་བཤད་རྒྱུར། འགྲན་ཞུགས་པ་མང་བོ་ཞིག་ལ་གཞས་གཏོང་སྟངས་སྣ་ཚོགས་ཀྱི་འགོག་རྐྱེན་ཐེབས་ཏེ་གང་ཡིན་ཆ་མི་འཚལ་བའི་གནས་སུ་བསྐྱལ་བས། གླུ་ལེན་སྐབས་གལ་ཆེ་བ་ནི་རང་ཉིད་ཀྱི་ཁྱད་ཆོས་འཚོལ་དགོས་པ་དེ་ཡིན་ཟེར། དབང་མོས་བཤད་རྒྱུར། འགྲན་བསྡུར་ནི་གཙོ་བོ་མ་ཡིན་པར། གར་སྟེགས་སྟེང་མང་ཚོགས་ལ་རང་ཉིད་ཀྱི་གླུ་སྐད་ཉམས་སུ་མྱོང་དུ་འཇུག་རྒྱུ་དེ་གཙོ་བོ་ཡིན་པར་འདོད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com