གླུ་བ་ཡོན་ཏན་འགྱུར་མེད་ལ“ཀྲུང་གོའི་སྤྱི་ཕན་མི་སྣ་གྲགས་ཅན”གྱི་བྱ་དགའ་ཐོབ་པ།
ཡོན་ཏན་འགྱུར་མེད་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རིག་རྩལ་ལེ་ཚན་
སྐར་འོད་ལམ་ཆེན་ཞེས་པའི་སྟེང་གླུ་དབྱངས་ལེན་བཞིན་པ།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་བྱམས་ལྡན་གླུ་བ་ཡོན་ཏན་འགྱུར་མེད་ཀྱིས་ལོ་དུ་མའི་རིང་ཀྲུང་གོའི་སྤྱི་ཕན་ལས་དོན་གྱི་ཁྲོད་དུ་མཛད་རྗེས་ཆེན་པོ་བཞག་པས། ཀྲུང་གོའི་སྤྱི་ཕན་ལས་དོན་འཕེལ་རྒྱས་ཚོགས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་དཔྱད་འདེམས་ཚོགས་པས་ཁོང་ལ“ཀྲུང་གོའི་སྤྱི་ཕན་མི་སྣ་གྲགས་ཅན་གྱི་བྱ་དགའ”གནང་རྒྱུར་ཐག་བཅད། 2011ལོའི་ཟླ6པའི་ཚེས25ཉིན། ཐེངས་འདིའི་ཚོགས་ཆེན་པེ་ཅིང་ཏིའོ་ཡུས་ཐའེ་ཀུའོ་མགྲོན་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས་རྒྱུ་རེད།
ལོ་དུ་མའི་རིང་ལ། ཡོན་ཏན་འགྱུར་མེད་ཀྱིས་གླུ་ཚིག་འབྲི་བ་དང་གླུ་ལེན་པ་ལས་གཞན་ད་དུང་སྤྲོ་སེམས་ཆེན་པོས་སྤྱི་ཕན་གྱི་བྱ་བ་བསྒྲུབས་ཏེ་བྱམས་དང་སྙིང་རྗེ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པ་རེད། 2010ལོར། ཀྲུང་ཧྭའི་གཞན་ཕན་ཐེབས་རྩ་ཚོགས་པས་ཡོན་ཏན་འགྱུར་མེད་ལ་རྒྱལ་སྤྱིའི་གཞན་ཕན་མི་སྣ་གལ་ཆེན་གྱི་མཚན་སྙན་གནང་། ཡོན་ཏན་འགྱུར་མེད་ཀྱིས་གླུ་དབྱངས་ཀྱི་ཆེད་དུ་རང་གི་བརྩེ་བ་དང་རྔུལ་ཆུ་བཏོན་པ་མ་ཟད་སྤྱི་ཕན་ལས་དོན་གྱི་ཆེད་དུའང་རང་གི་ལང་ཚོ་དང་སྟོབས་ཤུགས་ཕུལ་ཡོད་ཅིང་། ཁོང་གིས་དུས་ཡུན་རིང་པོར་དྭ་ཕྲུག་གང་མང་ཞིག་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་ཡོད་པ་རེད། ཡོན་ཏན་འགྱུར་མེད་ཀྱིས་བརྗོད་པ་ལྟར་ན། ཁོང་ལ་འདུན་པ་ཞིག་ཡོད་པ་ནི་མ་འོངས་པར་རང་གི་འབད་བརྩོན་ལ་བརྟེན་ནས་འབྲུག་ཆུ་ལ་རེ་བའི་སློབ་ཆུང་ཞིག་འཛུགས་རྒྱུ་དེ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com