གླུ་བ་པདྨ་བསམ་གྲུབ་ཀྱི་གླུ་གཞས་གསར་བ《ལམ་འཕྲད་མཛའ་གཞས》།
གླུ་བ་པདྨ་བསམ་གྲུབ།
ཉེ་ལམ། གླུ་བ་པདྨ་བསམ་གྲུབ་ཀྱིས་བླངས་བའི་གླུ་གཞས་གསར་བ《ལམ་འཕྲད་མཛའ་གཞས》ཞེས་པ་རླངས་འཁོར་ས་ཚིགས་དང་བརྙན་འཕྲིན་སོགས་ནས་དུས་གཅིག་ཏུ་གཏོང་གིན་ཡོད་ཅིང་། དེ་ནི་པདྨ་བསམ་གྲུབ་ཀྱི་ཆེད་བསྒྲིགས་གླུ་གཞས《ཟླ་གཞོངས》ཞེས་པའི་ནང་གི་གླུ་གཞས་ལྔ་བ་མོ་ཡིན། འཛམ་གླིང་ན་མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་པ་ལྟར་གླུ་བ་པདྨ་བསམ་གྲུབ་ཀྱི་གླུ་སྐད་ལ་མི་སེམས་དབང་མེད་དུ་འགུག་པའི་གསོན་ཤུགས་ཤིག་ལྡན་པས། གླུ་གཞས་འདིར་བརྙན་འཕྲིན་དང་སྨྱན་བྱེད་གང་རུང་གིས་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་རེད།
གླུ་བ་པདྨ་བསམ་གྲུབ་ཀྱིས《ལམ་འཕྲད་མཛའ་གཞས》ཞེས་པ་བརྒྱུད་དེ་མི་རྣམས་ཀྱིས་རང་གི་ཉེ་འཁོར་གྱི་མི་རྣམས་ལ་བརྩེ་སེམས་སྒོམ་པ་དང་། འཇར་པན་དང་ཡུན་ནན་སོགས་གནོད་ཐེབས་ས་ཁུལ་གྱི་སྐྱེ་འགྲོ་ཀུན་རང་བྱུང་གནོད་འཚེའི་སྡུག་བསྔལ་ལས་ཐར་ཐུབ་པར་སྨོན་འདུན་ཞུས་ཤིང་། ཚང་མས་བློ་སེམས་གཅིག་མཐུན་གྱིས་ཁོ་ཚོར་རེ་བ་དང་གསོན་ཤུགས་སྩོལ་རྒྱུར་རེ་བཞག་བཅོལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com