དཀོན་མཆོག་ཚེ་རིང་གི་གླུ་དབྱངས་ཆེད་སྒྲིག《བྱམས་སེམས་ལྡན་པའི་སྤྱང་ཀི》འགྲེམ་སྤེལ་བྱེད་ལ་ཉེ།

རྩོམ་པ་པོ།:ལྗོན་སྨྱུག་ནས་བསྒྱུར། ཡོང་ཁུངས།:བོད་ཀྱི་རོལ་དབྱངས་དྲ་བ། དུས་ཚོད།:2010-12-14 15:14:00 ཀློག་གྲངས།:

 
བོད་རིགས་གླུ་བ་དཀོན་མཆོག་ཚེ་རིང་གི་ཆེད་སྒྲིག་གླུ་དབྱངས《བྱམས་སེམས་ཅན་གྱི་སྤྱང་ཀི》

  ༢༠༡༡ལོའི་ཟླ་དང་པོར་ཀུན་གྱི་སྙན་ལམ་དུ་འབུལ་རྩིས་ཡོད་པའི་ཆེད་སྒྲིག་གླུ་དབྱངས་ཀྱི་ནང་དུ་དཀོན་མཆོག་ཚེ་རིང་གི་གསར་རྩོམ་དང་སྙན་མོའི་ངག་ལ་གྱེར་བའི་གླུ་དབྱངས《སྐལ་བཟང་སྒྲོལ་མ》《རྩྭ་ཐང་གི་བུ་མོ》《བྱམས་སེམས་ཅན་གྱི་སྤྱང་ཀི》 《གར་སོང་ཆ་མེད》《བརྩེ་དུང་གི་ལམ་དུ》《ཨ་རོགས་བུ་མོ》ལ་སོགས་པའི་གླུ་དབྱངས་སྙན་མོ་བཅུ་ལྷག་གཅིག་ཏུ་བསྡུས་ཡོད།
  བླ་བྲང་ནས་ཡོང་བའི་དཀོན་མཆོག་ཚེ་རིང་ནི་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་རྩོམ་རིག་ཆེད་ལས་དང་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་དབྱངས་རྩོམ་ཆེད་ལས་ནས་སྔ་གཞུག་ཏུ་མཐར་ཕྱིན་ཞིང་། གཞས་གཏོང་མཁན་དང་། སློབ་འབྲིང་གི་རོལ་དབྱངས་དགེ་རྒན་བཅས་ཀྱི་ལས་ཀ་གཉེར་མྱོང་། ད་ལྟ་ཨ་མདོ་ས་ཁུལ་གྱི་རིག་གནས་བྱ་གཞག་གི་ལས་ཀ་བྱེད་མཁན་ཞིག་ཡིན། ཁོང་གིས་ལོ་དུ་མའི་རིང་ལ་ཚོད་ལྟའི་ཚུལ་དུ་ཁྱད་ཆོས་མི་འདྲ་བའི་ཚིག་དང་དབྱངས་སྣ་ཚོགས་གསར་རྩོམ་དང་ཞིབ་འཇུག་བྱས་ཏེ། སྔ་གཞུག་ཏུ《སེམས་ནང་གི་མཆོག་ཞིང》 《བྱམས་སེམས་ཅན་གྱི་སྤྱང་ཀི》སོགས་གླུ་དབྱངས་བརྩམས་ཆོས་༥༠ལྷག་བརྩམས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཟེངས་བསྟོད་ཀྱི་མཐེ་བོང་སྒྲེང་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།