མཚོ་ནུབ་ཁུལ་གྱི2018ལོའི་ལོ་སར་རིག་རྩལ་དགོང་ཚོགས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2018-01-23 14:34:00 ཀློག་གྲངས།:

     ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་གཏིང་ཟབ་བྱེད་ཆེད་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་ཡང་དག་འོག  གོམ་སྟབས་ཆེན་པོས་དུས་རབས་གསར་བར་བསྐྱོད་དེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་བ་ཕྱེས་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། སྤྲོ་སྣང་དང་དགའ་སྟོན། འཆམ་མཐུན་གྱི་དུས་ཆེན་རྣམ་པ་ཞིག་བསྐྲུན་ཡོད།
     མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཟླ1པོའི་ཚེས22ཀྱི་དགོང་མོའི་ཆུ་ཚོད8སྟེང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཀྲུང་གུང་ཐེམ་ཆེན་རྫོང་ཨུ། ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། ཐེམ་ཆེན་རྫོང་རྩོམ་རིག་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ། མཚོ་སྔོན་རི་དཀར་པོ་གློག་བརྙན་རིག་གནས་བརྙན་སྦྱོར་ཀུང་སིས་འགན་སྒྲུབ་བྱས་ལ།  ཀྲུང་གོ་བོད་ཀྱི་དྲ་བ་དང་། མཚོ་ནུབ་ཁུལ་རྩོམ་རིག་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་། མཚོ་ནུབ་ཁུལ་མི་རིགས་གླུ་གར་ཚོགས་པ། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འབྱུང་ཁུངས་མི་རིགས་སློབ་གྲྭ ཏུའུ་ལན་རྫོང་རིག་གནས་ཅུའུ། ཐེམ་ཆེན་རྫོང་རིག་གནས་ཅུའུ། ལྷ་མཚོའི་འབྱུང་ཁུངས་གླུ་གར་ཚོགས་པ་བཅས་ཀྱི་རོགས་སྒྲུབ་བྱས་པའི“ཚྭ་འདམ་མཐོང་བ་ཀུན་སྨོན”ཞེས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི2018ལོའི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་རིག་རྩལ་དགོང་ཚོགས་ཚྭ་འདམ་ཟློས་གར་ཁང་དུ་འཚོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།