དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་དགོང་ཚོགས་ཀྱི་འཁྲབ་སྦྱོང་གྲ་སྒྲིག་གནས་ཚལ།
2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་སུ་ཞུགས་པའི་འཁྲབ་སྟོན་པས་ནན་ཏན་གྱིས་སྔོན་སྦྱོང་བྱེད་བཞིན་པ།
ཉེ་སྔོན། བོད་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ལགས། འཁྲབ་སྦྱངས་བྱེད་ཡུལ་དུ་སླེབས་ནས་འཁྲབ་སྟོན་པ་རྣམ་པར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། དགོངས་ཚོགས་གསར་རྩོམ་དང་འཁྲབ་སྦྱངས་སོགས་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་གྱི་སྙན་ཞུར་གསན།
སྤེན་པ་བཀྲ་ཤིས་ཀྱིས་བསྟན་དོན། འཁྲབ་ཁྲིད་པའི་ཚོགས་ཆུང་དང་གཙོ་སྐྲུན་ཚོགས་པས་ཚད་མཐོའི་མཐོང་ཆེན་དང་བློ་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། ལྗོངས་ཡོངས་ཀྱི་ཆེད་ལས་རིག་རྩལ་ཚོགས་པ་དང་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་། ཧུར་ཐག་གིས་གཞོགས་འདེགས་བྱེད་པ། འཁྲབ་སྟོན་པ་ཡོངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་དཀའ་སྤྱད་ཀྱིས་འཁྲབ་སྦྱངས་བགྱིས་ཏེ། 2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་འབྲེལ་དགོང་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡར་རྒྱས་ཆེན་པོ་དང་། རྨང་གཞི་ཧ་ཅང་ཡག་པོ་བཏིང་ཡོད།
སྤེན་པ་བཀྲ་ཤིས་ཀྱིས་ནན་བཤད་གནང་དོན། ལོ་གཅིག་དུས་གཅིག་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགོང་ཚོགས་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བ་དང་རིག་གནས་འཚོ་བ། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ད་ལོ་ནི་རང་རྒྱལ་འདི་ཉིད་དུས་རབས་གསར་པར་ཞུགས་པའི་ལོ་དང་པོ་ཡིན་པས། ད་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱིས་སྒོ་ཀུན་ནས་རྣམ་པ་གསར་པ་ཐོན་དགོས། བརྗོད་སྙིང་འབུར་དུ་ཐོན་དགོས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་དང་། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་བ་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དང་ཆོད་སེམས་བརྟན་པོ་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས། འབད་འབུངས་ཧུར་ལེན་གྱི་ལོ་ལྔའི་ནང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་དང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་སྤྲོ་སེམས་འཁོལ་བའི་ངང་དུས་རབས་གསར་པར་སླེབས་པའི་ཉམས་སྣང་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས།
རླབས་ཆེན་གྱི་མེས་རྒྱལ་ལ་སྤྲོ་སེམས་འཁོལ་བས་བསྟོད་གླུ་ལེན་པ་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བ། མི་དམངས་དམག་དཔུང་ལ་བསྟོད་གླུ་འབུལ་དགོས། ལེགས་ཐོག་ལེགས་བརྩོན་བྱས་ཏེ། ཆབ་སྲིད་ཀྱི་ཞིབ་བཤེར་དང་སྒྱུ་རྩལ་གྱི་ཞིབ་བཤེར་ནན་ཏན་བྱ་དགོས། ལེ་ཚན་སྔར་བས་ལེགས་སུ་གཏོང་བ་དང་ཁྱད་ཆོས་འབུར་དུ་ཐོན་པ། ལེགས་པའི་ཁྲོད་དུ་ཕུལ་བྱུང་འདེམས་ནས་བཟང་ཐོག་བཟང་བརྩེགས་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་གཞི་གཅིག་ཏུ་འདུས་པའི་ལོ་འཁོར་གྱི་རིག་རྩལ་སྟོན་མོ་ཆེན་པོ་ཞིག་འབུལ་དགོས། ཤུགས་ཆེན་པོས་མཉམ་ལས་ཀྱིས་དགོང་ཚོགས་གཉེར་བ་དང་། གཅིག་གྱུར་གྱིས་ལྗོངས་ཡོངས་ཀྱི་ཆེད་ལས་ཚོགས་པ་དང་རིག་རྩལ་མཐུན་ཚོགས་ཀྱི་སྟོབས་ཤུགས་བཀོད་སྒྲིག་གིས་གཞོགས་འདེགས་དམ་པོས་སྟོབས་ཤུགས་གང་ཡོད་བཏོན་ཏེ། ལོ་རེ་སྒྲུབ་པ་དེ་ལོ་རེ་ལས་བརྒལ་ཐུབ་པ་བརྩོན་ལེན་བྱ་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com