མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་གླུ་བའི་འགྲན་སྡུར་སྐབས་གཉིས་པ་ཐེམ་ཆེན་དུ་སྤེལ།
མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་གླུ་བའི་འགྲན་སྡུར་སྐབས་གཉིས་པ་ཐེམ་ཆེན་རྫོང་དུ་སྤེལ།
ཉེ་ཆར། མཚོ་ནུབ་ཁུལ་གུང་གཞོན་པ་ཚོགས་པ་དང་མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞུང་ལས་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་སོགས་དང་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་གླུ་བའི་འགྲན་སྡུར་སྐབས་གཉིས་པ་དེ་ཐེམ་ཆེན་རྫོང་དུ་སྤེལ།
ཐེངས་འདིའི་འགྲན་སྡུར་ཁྲོད་འགྲན་ཞུགས་མི་སྣ100ལྷག་ཡོད་པ་དང་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་སོགས་བརྒྱུད་མཐར་འགྲན་ཞུགས་མི་སྣ15རྟིང་རྩོད་འགྲན་སྡུར་དུ་ཞུགས་ཐུབ་པ་བྱུང་། མཚོ་ནུབ་ཁུལ་རོལ་མོ་མཐུན་ཚོགས་ཀྱི་ཚོགས་མིས་གྲུབ་པའི་དཔྱད་འདེམས་པས་གླུ་ཚིག་གི་ནང་དོན་དང་སྒྲ་གདངས་ཀྱི་སྙན་ཆ་སོགས་ལ་བརྟག་ནས་ཡུལ་དངོས་ནས་སྐར་མ་བྱིན།
ཛ་དྲག་གི་འགྲན་རྩོད་ཀྱི་གོ་རིམ་ཁྲོད་ནས་ན་གོར་མོ་གྲོང་ཁྱེར་གྱི་གླུ་བ་ཡུས་ཧེ་ཏུང་ལ་ཁྱད་འཕགས་ན་གཞོན་གླུ་བའི་མཚན་སྙན་ཐོབ་པ་དང་། ཐེམ་ཆེན་རྫོང་གི་གླུ་མ་བཙན་མཚོ་སྐྱིད་ལ་བྱ་དགའ་ཨང་དང་པོ་ཐོབ། གཏེར་ལེན་ཁ་གྲོང་ཁྱེར་གྱི་གླུ་བ་ཁྲིན་ཧྥུའུ་ཧེ་དང་ན་གོར་མོ་གྲོང་ཁྱེར་གྱི་གླུ་བ་ཅིན་ཅིས་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དབུས་ལམ་རྫོང་གི་གླུ་བ་ལུའུ་ཅིན་ཁྲིན་དང་ཚྭ་འདམ་ཆེ་བའི་ན་གཞོན་རོལ་ཚོགས།གཏེར་ལམ་རྫོང་གི་གླུ་བ་བུན་ཁྲང་ཐར་སོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com