གཡང་ཕྱུག་མཚོ་རིག་རྩལ་སྤྲོ་ཚོགས་ཆེན་མོ《མདོ་ལ་ལྷ་ཡི་ཞིང་ཁམས》སུ་ཞུགས་པ།
གཡང་ཕྱུག་མཚོ་རིག་རྩལ་སྤྲོ་ཚོགས་ཆེན་མོ《མདོ་ལ་ལྷ་ཡི་ཞིང་ཁམས》སུ་ཞུགས་པ།
གླུ་མ་གཡང་ཕྱུག་མཚོས་གླུ་གཞས་ལེན་བཞིན་པ།
གླུ་མ་གཡང་ཕྱུག་འཚོར་འབྲེལ་ཡོད་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།
ཉེ་ལམ། བོད་ཀྱི་ན་གཞོན་གླུ་མ་དང་གློག་བརྙན་འཕྲིན་འཁྲབ་སྟོན་པ་གཡང་ཕྱུག་མཚོས་མདོ་ལ་རྫོང་དུ་བསྡུས་པའི་བོད་ཡུལ་དུ་བསྐྱོད་པ་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ《མདོ་ལ་ལྷ་ཡི་ཞིང་ཁམས》སྟེང་དམངས་ཁྲོད་གཞས་དབྱངས་བཅོས་སྒྲིག་བྱས་པའི་གཞས་གསར《ཚེ་རིང་ལ་སོ》ཞེས་པ་འཁྲབ་ལེན་བྱས་ཤིང་། ཁོ་མོའི་སྐད་ངག་ཁྱད་པར་ཅན་དང་གར་སྟེགས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་ལས་དེར་འདུས་ཀྱི་ལྟད་མོ་བ་སྟོང་ཕྲག་དུ་མའི་ཡིད་སེམས་དབང་མེད་དུ་བཀུག་སྟེ་དགའ་བསུ་ཆེན་པོ་ཐོབ་པ་དང་། ཁོ་མོའི་གླུ་གཞས་ལེན་སྟངས་ཁྲོད་ཀྱི་སྒྱུ་རྩལ་གྱི་ཐབས་ལམ་དང་། དེ་ལས་བྱུང་བའི་ཁྱད་པར་ཅན་གྱི་སྐད་ངག་གི་བསམ་བློར་ཀུན་གྱིས་གདེངས་འཇོག་ཚད་མཐོན་པོ་གནང་།
གཡང་ཕྱུག་མཚོ་ནི་ཉེ་བའི་ལོ་འདི་འགའི་རིང་ལ། རྒྱལ་ནང་དང་བོད་ཁུལ་དུ་གླུ་གཞས་དང་འཁྲབ་སྟོན་སྒྱུ་རྩལ་ལས་རིགས་སུ་གཟེངས་རྟགས་ཁྱད་པར་ཅན་བླངས་ཡོད་པ་ཞིག་དང་བོད་ཁུལ་དུ་སྙན་གྲགས་ཡོད་པའི་གཞས་མ་ཞིག་ཡིན། ཁོ་མོས་འཁྲབ་ལེན་བྱས་པའི་གླུ་གཞས《ཧི་མ་ལ་ཡི་སྲས་མོ》དང《ཚེ་རིང་ལགས》སོགས་མང་པོ་ཡོད་པ་མ་ཟད་། 《བདེ་སྐྱིད་ཀྱི་ཞུ་གཏུགས》དང《གྲོ་ནེ་རྒྱལ་པོ》། 《དཔའ་བོ་ས་ཕྱོགས་གང་དུ་གནས》། 《ཐར་ལོ》། 《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》སོགས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་ལས་གཤིས་ཀ་མི་གཅིག་པ། ཐོབ་ཐང་མི་གཅིག་པ། ལས་རིགས་མི་གཅིག་པ། མི་རིགས་མི་གཅིག་པའི་ཟློས་གར་མི་སྣ་སྣ་ཚོགས་གསར་བཞེངས་བྱས་ནས་སྐད་ངག་དང་ཟློས་གར་འཁྲབ་སྟོན་ཟུང་གི་སྒྱུ་རྩལ་ལམ་བུའི་སྟེང་འབད་བརྩོན་ལྷོད་མེད་ཀྱིས་སྒྱུ་རྩལ་གྱི་ཆ་མང་པོ་འཚོལ་སྙེག་བྱས་དང་བྱེད་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com