བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་ལས་མཚོ་ལྷོའི་འགྲན་ཁུལ་གྱི་དམངས་གླུ་འགྲན་སྡུར་ཆབ་ཆ་ནས་སྤེལ།
དཔྱད་འདེམ་པ་རྣམ་པས་དཔྱད་འདེམ་བྱེད་བཞིན་པ།
དམངས་གླུ་ལེན་བཞིན་པ།
དམངས་གླུ་ལེན་པ།
སྤྱི་ཟླ7པའི་ཚེས12ཉིན། བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག མཚོ་སྔོན་བོད་སྐད་དྲ་ལམ་བཅས་ཀྱིས་མཉམ་དུ་སྒྲུབ་པའི་དམངས་གླུ་འགྲན་ཚོགས་ཆེན་མོའི་མཚོ་ལྷོ་འགྲན་ཁུལ་གྱི་དམངས་གླུ་འགྲན་སྡུར་ཆབ་ཆ་ནས་མཇུག་བསྒྲིལ།
ཐེངས་འདིའི་དམངས་གླུ་འགྲན་སྡུར་ལ་གླུ་བ་གླུ་མ་ཁྱོན་བསྡོམས70ལྷག་ཞུགས་པ་དང་། ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་དངུལ་ལོངས་སུ་སྤྱོད་མཁན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་དཔོན་ཆེན་མོ། བོད་ཀྱི་དམངས་སྲོལ་རིག་པའི་ཆེད་མཁས་པ་གཅན་ཚའི་བཀྲ་བྷོ། རྒྱལ་ཁབ་རིམ་པ་གཉིས་པའི་གླུ་མ་བྱང་མོ་མཚོ་བཅས་ཡིན་ཞིང་། ཉིན་གསུམ་རིང་དཔྱད་འདེམས་པས་དྲང་བདེན་དང་དྲང་གཞག འདྲ་མཉམ་བཅས་ཀྱིས་བོད་སྲོལ་རྒྱུན་གྱི་ཁ་བཏགས་འབུལ་བའི་བྱེད་ཐབས་བརྒྱུད་སྐད་ངག་དང་གླུ་ཚིག ཉམས་འགྱུར་བཅས་རྩེར་སོན་པའི་ཁྲི་ཀའི་གླུ་མ་བཀྲ་ཤིས་སྒྲོལ་མ། ཁྲི་ཀའི་གླུ་བ་བཙུན་ཐར་རྡོ་རྗེ། ཁྲི་ཀའི་གླུ་བ་ལྷ་ཆེན་རྒྱལ། འབའ་རྫོང་གི་གླུ་བ་སྟོབས་ཆེན་རྒྱལ། འབའ་རྫོང་གི་གླུ་བ་གཟུངས་འབུམ་རྒྱལ། འབའ་རྫོང་གི་གླུ་བ་དཔལ་མཁར་རྒྱལ། བྲག་དཀར་རྫོང་གི་གླུ་བ་བསྟན་སྲུང་སྐྱབས། བྲག་དཀར་རྫོང་གི་གླུ་མ་སྙིང་མོ་དཀར། མང་རྫོང་གི་གླུ་བ་ཀུན་ཐར་རྒྱལ། གསེར་ཆེན་རྫོང་གི་གླུ་མ་སྒྲོལ་དཀར་མཚོ་བཅས་གླུ་བ་གླུ་མ10ཐེངས་འདིའི་དམངས་གླུ་འགྲན་ཚོགས་ཆེན་མོའི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པར་བདམས་ཐོན་བྱུང་བ་རེད།
འདི་ལས་མཚོ་ལྷོ་ཁུལ་གྱི་དམངས་གླུའི་རིག་གནས་སྔོག་འདོན་དང་དར་སྤེལ། རྒྱུད་འཛིན་བཅས་སུ་ནུས་པ་མི་དམན་པ་ཐོན་ཡོད་པ་མ་ཟད། གསར་སྐྱེས་གླུ་བ་གླུ་མ་དག་གིས་གར་སྟེགས་བརྒྱུད་ནས་རང་ཉིད་ཀྱི་སྐད་ངག་གི་འཇོན་ཐང་ངོམས་པ་དང་།དམངས་གླུའི་གཟུགས་འདས་རིག་གནས་བརྙན་འཕྲིན་དང་དྲ་ལམ་བརྒྱུད་ནས་བོད་མི་བྱིངས་ཀྱི་རྣ་བའི་བདུད་རྩི་དང་མིག་གི་ལོངས་སྤྱོད་དུ་སྩོལ་བའི་གོ་སྐབས་ཐོབ་པ་སྟེ། རྗེས་སོར་དམངས་གླུའི་རིག་གནས་འདིའི་ལམ་བུ་དེད་ནས་རང་ཉིད་ཀྱི་སྐད་ངག་དང་།གླུ་ཚིག ཉམས་འགྱུར་བཅས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། བོད་པའི་དམངས་གླུའི་རིག་གནས་ཁོ་ཚོ་ནས་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པར་དེ་ལས་འགོངས་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com