བོད་ཀྱི་རོལ་མོའི་ལས་རིགས་ལ་འབད་མཁན་ཚོར་ཕུལ་བའི་ཟིན་བྲིས།
རོལ་ཆས།
རོལ་ཆས།
རོལ་ཆས།
རོལ་ཆས།
རོལ་ཆས།
རོལ་ཆས།
རོལ་ཆས།
རོལ་ཆས།
བདག་གི་ཨ་རིའི་གྲོགས་པོ་ཚོའི་ནང་ཧེ་ཟུ་མནHeizmanཟེར་པ་ཞིག་ཡོད་པ་ནི་ཡིད་སྨོན་འཆོར་པའི་རོལ་མོ་བ་དང་འགྲོ་མིའི་ཁེ་དབང་བརྩོན་ལེན་པ་ཞིག་ཡིན། ཁོ་ནི་ཧ་ཅང་གི་མི་གུས་ཆུང་ཅན་ཞིག་ཡིན་ལ་མཚན་སྙན་ཆེན་པོ་ཡོད་པ་ཞིག་མིན། ཡིན་ནའང་། ཁོ་ནི་ཀུ་ཤུAppleཀུང་ཟི་ཡི་གཞི་རྩ་འཛུགས་མཁན་སུ་ཏེ་བུ་ཇོ་པུ་སུ་ Steve Jobs ཡི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་དང་། ཇོ་པུ་སུས་ལོ་ཉེར་གསུམ་ཐོག་དགའ་རོགསChrissan Brennanལ་མངལ་ཆགས་སུ་བཞག་རྗེས་རོགས་འགལ་བྱུང་ནས་བུ་མོLisaཁོ་བོའི་ཤ་ཁྲག་ལས་མཆེད་པར་ཁས་ལེན་མ་བྱས་པའི་ཁྲེལ་མེད་ཀྱི་ལས་ལ་འབད་པའི་སྐབས་དེའིBrennanགྱི་དགའ་རོགས་གཉིས་པ་དང་། བུ་མོLisaལ་གཟིགས་སྐྱོང་གནང་མཁན་དེ་རེད། འདིར་བརྗོད་འདོད་པ་ནི་དེ་མ་ཡིན་པར་ཁོང་གི་ཡོན་ཏན་གྱི་ཟུར་གཞན་ཞིག་སྟེ། དེ་ནི་ཁོང་དེང་སྐབས་འཛམ་གླིང་ཡོངས་ན་རྒྱུགས་ཆེ་པའི་རོལ་ཆས་ཕལ་ཆེར་གཏོང་ཤེས་པས་མི་ཚད། ཡ་གླིང་གི་རྒྱ་དཀར་ནག་དང་ཉི་ཧོང་། ལྷོ་ཁོ་རེ་ཡ་དང་འབར་མ། ཨ་ཧྥེ་རི་ཁ་དང་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་གང་མང་ཞིག་གི་སྲོལ་རྒྱུན་རོལ་ཆས་ལ་ཡང་ཡ་མེད་ཀྱི་བྱང་ཆ་ལྡན་ལ། དཀྲོལ་ལེན་བྱེད་པ་དང་དབྱངས་ཚིག་རྩོམ་པ་སོགས་གང་ཅིའི་ཐད་མཁྱེན་རྒྱ་ཧ་ཅང་ཡངས་པས། སློབ་ཆེན་གང་མང་ལ་ཡང་ཞོར་དུ་སློབ་ཁྲིད་དང་འཆད་ཁྲིད་བྱེད། ཁོ་རང་གིས་རོལ་མོའི་བྱ་བཞག་ལས་གཞན་ད་དུང་འབར་མ་ལྟ་བུའི་རྒྱལ་ཁབ་སོ་སོར་འགྲོ་མིའི་ཐོབ་ཐང་དང་འཕེལ་རྒྱས་ཐད་ཀྱི་བྱ་བ་གང་ལེགས་གཉེར་བཞིན་ཡོད། དྲོས་ཇ་ཞིག་འཐུང་བའི་སྐབས་སུ་ཁོང་གིས་ང་ལ། "བདག་གིས་རོལ་ཆས་འདི་དག་སྦྱངས་པ་ནས་བཟུང་། གཞན་གྱི་ལག་འོག་བརྒྱུད་དེ་རང་གི་དགའ་ཕྱོགས་མ་ཡིན་པའི་བྱ་བ་གང་རུང་ཞིག་གཉེར་མ་དགོས་པ་དེ་ཡིན་ལ། རོལ་མོ་ལ་བརྟེན་ནས་བདག་ལ་རང་རྐྱ་ཐུབ་པའི་མི་ཚེ་དང་ཁྱིམ་ཚང་ཞིག་གྲུབ་པ་དེ་ཡིན། དེ་ཡང་སྣ་གཅིག་མ་ཡིན་པར་ཕྱོགས་སོ་སོའི་རོལ་ཆས་དང་རོལ་མོ་ལ་བྱང་ཆ་ལྡན་པ་སྦྱངས་པས་ཡིན།” ཞེས་བཤད། གྲོགས་ཧེ་ཟུ་མན་གྱི་སྐད་ཆ་དེ་ཡིས་རང་ཉིད་ལ་ཡང་དྲན་སྐུལ་ཞིག་བྱིན་པ་ནི། ང་ཚོའི་བོད་རིགས་རོལ་མོ་པ་དང་གླུ་དབྱངས་ལེན་མཁན་ཚོས་ཀྱང་གནའ་དེང་གི་རོལ་ཆས་གཅིག་གཉིས་ལ་མི་བརྟེན་པར། སྣ་མང་ཞིག་སྦྱང་ན་རོལ་མོའི་མི་ཚེ་ཡང་རང་ཚུགས་ཐུབ་པ་ཞིག་འགྲུབ་ཡོང་རྒྱུ་རེད་བསམ་བྱུང་།
2015/06/03 བྱང་ཨ་རི་ནས་གུང་གསེང་སྐབས་སུ།
བོན་སྐོར་སྙིང་ལྕགས་ནས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com