གླུ་བ་སྐལ་བཟང་བཀྲ་ཤིས་ཀྱིས་གླུ་གཞས་ཆེད་བསྒྲིགས་གཉིས་པ་འགྲེམ་སྤེལ་བྱེད་རྒྱུ་རེད།
གླུ་བ་སྐལ་བཟང་བཀྲ་ཤིས་ཀྱི་གླུ་གཞས་ཆེད་བསྒྲིགས་གཉིས་པ་འགྲེམ་སྤེལ་བྱེད་ལ་ཉེ།
རྒྱུས་ལོན་པ་ལྟར་ན། བོད་ཀྱི་གླུ་བ་སྐལ་བཟང་བཀྲ་ཤིས་ཀྱི་མི་སྒེར་གླུ་གཞས་ཆེད་བསྒྲིགས་གཉིས་པ《ཚེ་རབས་ཀྱི་འོད་གསལ》མིག་སྔར་སྒྲིག་བཟོ་ལེགས་འགྲུབ་བྱུང་ཡོད་ཅིང་མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།
ཆེད་བསྒྲིགས་འདིའི་ནང་དུ་རྣམ་པ་མི་མཚུངས་པའི་གླུ་གཞས12བསྡུས་ཡོད་ཅིང་། སྐལ་བཟང་བཀྲ་ཤིས་རང་ཉིད་ཀྱིས་ཇུས་འགོད་བྱས་ལ། བོད་ཀྱི་མིང་གྲགས་གླུ་བ་རྒྱ་བྷེ་དང་། བོད་རིགས་འཁྲབ་ཁྲིད་པ་བཀྲ་བསྟན། རོལ་མོ་བ་ཏན་ཏན་བཅས་ཀྱིས་རོགས་འདེགས་འོག་དུས་ཡུན་ལོ་གཉིས་ནང་ལེགས་འགྲུབ་བྱུང་།
སྐལ་བཟང་བཀྲ་ཤིས་ཀྱིས2009ལོར་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གླུ་བའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་བླངས་པ་མ་ཟད། 2009ལོ་ནས2010ལོའི་བར་ཧུའུ་པེ་ཞིང་ཆེན་དབང་བོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་དང་འགྲོགས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར70ལྷག་ཏུ་བསྐོར་བསྐྱོད་འཁྲབ་སྟོན་བྱས་ཏེ་དགའ་བསུ་མི་དམན་པ་ཐོབ་ལ། 2010ལོར་རྒྱལ་ཡོངས་མིག་ལོང་གླུ་བའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com