གླུ་བ་ཀུན་དགས་དགེ་ཕྲུག་གེ་རྒྱལ་པད་མ་དང་ལྷན་དུ་གླུ་གཞས་ཆེད་བསྒྲིགས་གསར་བ《ཀི་འབོད》འགྲེམ་སྤེལ་བྱས།
གླུ་བ་ཀུན་དགས་དགེ་ཕྲུག་གེ་རྒྱལ་པད་མ་དང་ལྷན་དུ་གླུ་གཞས་ཆེད་བསྒྲིགས་གསར་བ《ཀི་འབོད》འགྲེམ་སྤེལ་བྱས།
ཉེ་ལམ། མིང་དུ་གྲགས་པའི་བོད་རིགས་གླུ་བ་ཀུན་དགས་དགེ་ཕྲུག་གེ་རྒྱལ་པད་མ་དང་ལྷན་དུ་དགེ་སློབ་ཀྱི་གླུ་གཞས་ཆེད་བསྒྲིགས་གཉིས་པ་སྟེ《ཀི་འབོད》ཞེས་པ་འགྲེམ་སྤེལ་བྱས།
གླུ་བ་ཀུན་དགའ།
རྒྱུས་ལོན་པ་ལྟར་ན། གླུ་གཞས་ཆེད་བསྒྲིགས་གསར་བ《ཀི་འབོད》ཞེས་པ་འདི་མིག་སྔར་བོད་ཀྱི་དེང་རབས་གླུ་གཞས་ཁྱབ་ཆེ་བའི་རྨང་གཞིའི་སྟེང་འཕར་བརྒལ་འགའ་འདུག་ཅིང་། ཆེད་བསྒྲིགས་འདིར་བསྡོམས་པས་གླུ་གཞས11འདུས་པ་དང་། དེ་ལས་གླུ་གཞས8ནི་ཕ་སྐད་གླུ་གཞས་ཡིན་ལ། དེང་རབས་སྣ་མང་རིག་གནས་ཀྱི་དབྱངས་རྟ་སྤྱད་པ་དང་། མ་ཟད་སེམས་ཞིབ་མོས་གླུ་གཞས་ཆེད་བསྒྲིགས་ཀྱིMVཇུས་འགོད་དང་སྒྲིག་བཟོ་བྱས།
གླུ་བ་གེ་རྒྱལ་པད་མ།
གླུ་གཞས་ཆེད་བསྒྲིགས་འདིར་མིང་དུ་གྲགས་པའི་བོད་རིགས་གླུ་མ་ཚེ་དབང་ལྷ་མོ་ དང་། གླུ་བ་བདེ་སྐྱིད་ཚེ་རིང་། ནམ་མཁའ་མཚོ་སོགས་གདན་ཞུ་བྱས་ལ། ད་དུང་ཆེད་དུ་མཁན་པོ་བསོད་ནམས་དར་རྒྱས་གདན་དྲངས་ཏེ་ཆེད་བསྒྲིགས་འདིར་ཕྱག་ བྲིས་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com