བོད་ཀྱི་དབང་བོ་སྐྱོན་ཅན་གྱི་གཞས་པ་སྐལ་བཟང་བཀྲ་ཤིས་ཀྱི་ངོ་སྤྲོད་མདོར་བསྡུས།
གཞས་པ་སྐལ་བཟང་བཀྲ་ཤིས།
སྐལ་བཟང་བཀྲ་ཤིས་ནི་སྤྱི་ལོ1984ལོར་མཚོ་སྔོན་ཞིང་ཆེན་རེབ་གོང་ཐུན་རིང་རྫོང་ཁོངས་སུ་སྐྱེས། ཁོང་བྱིས་པའི་དུས་ནས་གླུ་དང་རོལ་མོར་དགའ་བས་སློབ་འབྲིང་མཐར་ཕྱིན་རྗེས་གླུ་བའི་འཚོ་བར་རོལ་འགོ་བརྩམས། སྤྱི་ལོ2000ལོ་ནས2005ལོ་བར་རེབ་གོང་རྫོང་གི་གཞས་ར་སོགས་སུ་གླུ་བླངས་ཤིང་རྒྱ་ཆེའི་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ་མྱོང་།
དེ་ལྟར་གླུ་དང་རོལ་མོ།འཚོ་བ་སོགས་ལ་དགའ་དད་ཀྱིས་ཕྱུག་ཅིང་། རང་གི་མ་འོངས་པར་རེ་སྙེག་བྱེད་བཞིན་པའི་སྐབས་ཤིག་ན། 2005ལོའི་ཉིན་ཞིག་གློ་བུར་དུ་ཁོ་པའི་འདྲེན་བྱེད་ཀྱི་ཡུལ་དུ་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པའི་འཛམ་གླིང་དེ་ནམ་ཡང་མངོན་དུ་མེད་པར་སོང་ནས་ཁོ་པའི་འདྲེན་བྱེད་ཟུང་དོན་གྱི་བྱེད་ནུས་སྟོང་དུ་གྱུར། སྤྱི་ལོ2005ལོའི་དབྱར་དུས་སུ་ཁོང་གིས་རྐང་བའི་འདེགས་འཇོགས་ལྕི་མོ་བསྒྱུར་བཞིན་བོད་ལྗོངས་ལྷ་སའི་ལོང་བའི་སློབ་གྲྭར་བསླེབས། དེ་གར་ལོང་ཡིག་དང་། གློག་ཀླད། དབྱིན་སྐད། རྒྱ་ཡིག་སོགས་ཀྱི་ཤེས་བྱར་སྦྱང་བརྩོན་བྱས་ནས་ཁོ་པས་ལོང་བ་མུན་པའི་འཇིག་རྟེན་གྱི་ནང་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པའི་འཛམ་གླིང་ཞིག་རྙེད་ཐབས་བྱས།
སྤྱི་ལོ2007ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ཟུར་ཐོག་དུ་ཞུགས། དེ་གར་དགེ་རྒན་ཆེན་མོ་ཚེ་སྒྲོན་ལགས་ཀྱི་དྲུང་ནས་རྣོ་སྦྲེང་སྦྱངས་པ་དང་། དགེ་རྒན་བསྟན་འཛིན་ཟླ་བ་ལགས་སོགས་ཀྱི་དྲུང་ནས་གླུ་ལེན་རིག་པ་སོགས་རོལ་མོའི་བཀའ་ཁྲིད་བསྐྱངས། མཐར་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་སྤྱི་ལོ2009ལོར་སློབ་མཐར་ཕྱིན། སྤྱི་ལོ2009ལོའི་ལོ་འཇུག་ཏུ་པེ་ཅིན་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་ཚོགས་པར་ཞུགས་ཏེ་རྒྱལ་ཡོངས་གྲོང་ཁྱེར་ཁག70ལྷག་ཙམ་ལ་སྐོར་བསྐྱོད་འཁྲབ་སྟོན་བྱས།
སྤྱི་ལོ2009ལོའི་བོད་ལྗོངས་ཞོ་སྟོན་གླུ་པའི་འགྲན་ཚོགས་ཆེན་མོའི་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ། སྤྱི་ལོ2010ལོར་ཧྲན་ཀྲེན་དུ་ཚོགས་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་གླུ་པའི་འགྲན་ཚོགས་ཆེན་མོའི་ནང་དུ་བྱ་དགའ་རིམ་པ་གསུམ་པ་ཐོབ།
ཁོང་རང་ཉིད་ཀྱིས་བརྩམས་གནང་བ་དང་བཏང་གནང་བའི་གླུ་གཞས《ང་ཡི་མི་ཚེ》དང《དྲན་གླུ》ཞེས་པ་སོགས་གངས་ལྗོངས་སུ་དར་ཁྱབ་ཆེ་ཞིང་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com