གླུ་བ་བློ་བཟང་རྒྱ་མཚོས་མདའ་བཞི་ཚོ་བའི་གནས་སྐོར་མཛེས་ལྗོངས་ཀྱི་བརྗོད་གཞིའི་མཚོན་གླུ་ལེན་པ།
གླུ་བ་བློ་བཟང་རྒྱ་མཚོ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་ཚོ་བའི་གནས་སྐོར་མཛེས་ལྗོངས་ཀྱི་བརྗོད་གཞིའི་མཚོན་གླུ་སྟེ《མདའ་བཞི་ཚོ་བ》ཞེས་པ་དེ་གླུ་བ་བློ་བཟང་རྒྱ་མཚོས་ལེན་པའི་ཆོག་མཆན་གནང་བ་རེད།
གླུ་བ་བློ་བཟང་རྒྱ་མཚོ་ལགས་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས་དང་སྐབས་བརྒྱད་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་སོགས་སྤྲོ་ཚོགས་ཆེ་ཤས་རིགས་ལ་ཞུགས་མྱོང་ཞིང་། སྔ་རྗེས་སུ《རྨི་ལམ་ནང་གི་སྒྲོལ་མ》དང《བློ་བཟང་གི་ཕ་ཡུལ》སོགས་གླུ་གཞས་བརྩམས་ཆོས་འགྲེམ་སྤེལ་བྱས་པར་མ་ཟད།《གནམ་མཐའི་མཛས་གཞས》དང《གསེར་འདོན་པ》《བརྩེ་བའི་དྲོ་སྣང་འོག་གི་ཡུལ་ཤུལ》སོགས་ གློག་བརྙན་འཕྲིན་བརྩམས་ཆོས་ཀྱི་ཕབ་བསྐྲུན་དང་འཁྲབ་སྟོན་ཁྲོད་ཞུགས་མྱོང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com