ན་གཞོན་གླུ་བ་བསྟན་འཛིན་དགའ་བའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:དོན་འགྲུབ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-14 09:11:00 ཀློག་གྲངས།:

藏族歌手丹珍嘎瓦
ན་གཞོན་གླུ་བ་བསྟན་འཛིན་དགའ་བ།

  བོད་ཀྱི་ན་གཞོན་གླུ་བ་བསྟན་འཛིན་དགའ་བ་ནི་ཁམས་ཀྱི་གནས་མཆོག་རྫོགས་ཆེན་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ཡིན་ཞིང་།མཐའ་ཡས་པའི་རྩྭ་ཐང་དང་དྭངས་བསིལ་གྱི་ཆུ་མིག་ལས་ཁོ་བོར་རང་བྱུང་གི་སྐད་ངག་སྙན་མོ་ཞིག་བསྩལ་བ་དང་།ཁོང་གིས་ཆུང་དུས་ནས་བཟུང་རང་ཉིད་ཀྱི་བརྩེ་སེམས་དང་དུངས་བ་ལས་མི་རྣམས་ལ་འགྱུར་ཁུགས་ཀྱིས་ཕྱུག་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་དང་བོད་ཀྱི་རྒྱུན་སྲོལ་གླུ་གཞས་གང་མང་བླངས་མྱོང་བ་རེད།
  སྔ་གཞུག་ཏུ《བོད་ལ་ལས་འབྲས་བྱུང་བ》དང་། 《སྲོང་བཙན་སྒམ་པོ》། 《གངས་འདབས་ཀྱི་བརྩེ་བ་དངོས》། 《ཁྲོ་ལ་རི་ཡི་འོད་ཟེར》། 《མི་ཡུལ་དུ་བཞག་པའི་ལྷད་མེད་བརྩེ་སེམས》། 《ཁམས་དྲུག་གནས་རི》སོགས་ཆེད་བསྒྲིགས་དང་གླུ་གཞས་མང་པོ་འགྲེམ་སྤེལ་བྱས་ནས། རྒྱ་ཆེའི་གཞས་མོས་པ་རྣམས་ཀྱི་དགའ་བསུ་ཐོབ་ཅིང་གདེང་འཇོག་མཐོན་པོ་ཐོབ་ཀྱིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།