གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་བསྒྲིགས་གཉིས་པ《གྱེས་ཁ་མའི་གླུ》ཞེས་པ་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-20 11:11:00 ཀློག་གྲངས།:

新生代青龙组合第二张专辑《离别》正式发行
གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་བསྒྲིགས་གཉིས་པ《གྱེས་ཁ་མའི་གླུ》ཞེས་པ་འགྲེམ་སྤེལ་བྱས།

  ཉེ་ཆར། བོད་ཀྱི་གཞོན་སྐྱེས་ཚན་སྡེབ་སྟེ་གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་བསྒྲིགས་གཉིས་པ《གྱེས་ཁ་མའི་གླུ》ཞེས་པ་དངོས་སུ་ཚོང་རར་བཀྲམས་ཤིང་། དེའི་ནང་དུ《གྱེས་ཁའི་གླུ》དང《གཏམ་རྒྱུད་ཅིག》《ཟླ་འོད》། 《ཁེར་རྐྱང་གི་ཕ་ཡུལ》།《སྙིང་ཉེ། སྙིང་ཉེ།》《འདས་དོན》སོགས་གླུ་གཞས་བཅུ་ཁ་ཞིག་འདུས།  ཆེད་བསྒྲིགས་དེ་ནི་ཁོ་ཚོས་ལོ་ངོ་བདུན་གྱི་རིང་ལ་འཚོ་བའི་ཁ་མངར་སྐྱུར་གསུམ་ཉམས་སུ་མྱངས་པ་དང་། སྣ་མང་རིག་གནས་འདྲེས་འཛིང་གི་ཁོར་ཡུག་ཁྲོད་རིག་གནས་སྣ་ཚོགས་ལ་སྦྱོང་བ་བྱས་པ་ལས་བྱུང་བའི་སྨིན་འབྲས་ཤིག་ཡིན་པར་མ་ཟད། རྒྱ་ཆེའི་གཞས་ཞེན་པ་རྣམས་ཀྱི་རེ་འབྲས་དོན་དུ་སྨིན་པར་བྱས།
  རྒྱུས་ལོན་བྱུང་བ་ལྟར་ན་གཡུ་འབྲུག་ཚན་སྡེབ་ཀྱི་ཆེད་བསྒྲིགས་གཉིས་པར་ཇེ་ཟི་དང་བྷུའུ་ལོའུ་སུ། བཤད་གཞས། R&Bསོགས་བོད་ཀྱི་གཞས་སྟེགས་ལ་གསར་བའི་གཤིས་ལུགས་ཀྱིས་ཡོངས་སུ་ཁྱབ་པའི་གླུ་གཞས་ཀྱི་གྲུབ་ཆ་མང་པོ་གཅིག་བསྡུས་འདུག་པས། ཆེད་སྒྲིག་འདིས་གཞས་ཞེན་པ་རྣམས་ལ་ཐུན་མོང་མ་ཡིན་པའི་ཚོར་བ་གསར་བ་ཞིག་སྦྱིན་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།