ཁ་བའི་མེ་ཏོག་ཚན་སྡེབ་ཀྱིས་ཉ་མོ་སྲུང་སྐྱོབ་ཀྱི་བྱམས་བརྩེ་ཕོ་ཉའི་འགན་བླངས་པ།
ཁ་བའི་མེ་ཏོག་ཚན་སྡེབ་ནི་བོད་ཁུལ་ན་མིང་དུ་གྲགས་པའི་གླུ་མའི་ཚན་སྡེབ་ཅིག་ཡིན་ཞིང་། ཟླ7པའི་ཚེས6ཉིན། ཆེད་དུ་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པ་མགོ་རྩོམ་པའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་དུ་ཞུགས་ཏེ་འདིར་བཞུགས་ལྷན་རྒྱས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། ཚན་སྡེབ་འདིས་ད་དུང“དམངས་ཡོངས་ཉ་མོ་སྲུང་སྐྱོང་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཏུ་ཞུགས་པའི”སྒྲོག་གཏམ་སྤེལ་ཏེ་དམངས་ཡོངས་རང་འགུལ་སྒོས་ཉ་མོ་སྲུང་སྐྱོབ་ཏུ་ཞུགས་པའི་འདུ་ཤེས་མཐོར་འདེགས་བྱུང་བ་མ་ཟད། ཉ་མོ་སྲུང་སྐྱོབ་ཀྱི་བྱམས་སེམས་ཤིག་ཀྱང་ལྷངས་སུ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་མེ་ཏོག་ཚན་སྡེབ་དབར་གྲོས་ཆོད་བཞག་པ་མ་ཟད་ཁ་བའི་མེ་ཏོག་ཚན་སྡེབ་ནི་རྐང་ཚ་རྫོང་གི་ཉ་མོ་སྲུང་སྐྱོབ་ཀྱི་བྱམས་བརྩེའི་ཕོ་ཉ་རུ་གདན་ཞུ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com