གཡུ་འབྲུག་རོལ་ཚོགས་ཀྱིས་ཆེད་བསྒྲིགས་གཉིས་པ་མི་འགྱངས་པར་སྤེལ་རྒྱུ་རེད།
གཡུ་འབྲུག་རོལ་ཚོགས་ཀྱིས་ཆེད་བསྒྲིགས་གཉིས་པ་མི་འགྱངས་པར་སྤེལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གཡུ་འབྲུག་རོལ་ཚོགས་ཀྱིས་ཟླ་བརྒྱད་པའི་ཟླ་འགོར་གླུ་གཞས་ཆེད་བསྒྲིགས་ཁག་གཉིས་པ་སྤེལ་རྒྱུ་ཡིན་ཞིང་། ལོ་ངོ་བདུན་གྱི་རྗེས་སུ་གཡུ་འབྲུག་རོལ་ཚོགས་ཀྱིས་ཡང་བསྐྱར་གླུ་གཞས་ཀྱི་བགྲོད་ལམ་ལ་བཞུད་འགོ་བརྩམས་ལ། ཁོང་ཚོས་གླུ་གཞས་ཀྱི་གདངས་དབྱངས་ལ་བརྟེན་ནས་དོན་དངོས་ཀྱི་འཚོ་བའི་ཁྲོད་བྱུང་བའི་དཀའ་བ་དང་འགལ་རྐྱེན། ཐེ་ཚོམ་སོགས་མངོན་པར་མཚོན་པ་ཡིན།
ཆེད་བསྒྲིགས་ཁྲོད་ནུབ་ཕྱོགས་ཀྱི་ཇེ་ཟི་རོལ་དབྱངས་དང་གཞས་མ་གཏམ། རང་མི་རིགས་ཀྱི་རྡུང་ལེན་གྱི་ཁྱད་ཆོས་སོགས་གཅིག་ཏུ་འདུས་ཡོད་པས། ཉན་མཁན་རྣམས་ཀྱི་སྒྲ་འཛིན་རྣ་ཡི་དབང་བོར་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་སྦྱིན་ངེས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com