གངས་ལྗོངས་མཐོ་སྒང་སྐུད་མེད་གཞས་ཚོགས་ཆེན་མོ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-12 11:28:00 ཀློག་གྲངས།:

གངས་ལྗོངས་མཐོ་སྒང་སྐུད་མེད་གཞས་ཚོགས་ཆེན་མོ་སྤེལ་བ།
གངས་ལྗོངས་མཐོ་སྒང་སྐུད་མེད་གཞས་ཚོགས་
ཆེན་མོ་སྟེང་གི་བོད་ཀྱི་གླུ་བ་གླུ་མ།

        ཟླ12པའི་ཚེས7ཉིན་གྱི་དགུང་མོ། བོད་ལྗོངས་ས་ཁུལ་གྱི་ཀྲུང་གོའི་འགུལ་སྤོ་ཁ་པར་དབྱངས་དྲིལ་སྤྱོད་མཁན་ས་ཡ་གཅིག་ལྷག་ལ་བུད་པར་རྟེན་འབྲེལ་ཞུ་བར།  ཀྲུང་གོའི་འགུལ་སྤོ་བོད་ལྗོངས་ཀུང་ཟིས་ལྷ་ས་དང་ཆབ་མདོ་ས་ཁུལ་གཉིས་སུ་གཙོ་སྒྲུབ་གནང་བའི་གངས་ལྗོངས་མཐོ་སྒང་སྐུད་མེད་གཞས་ཚོགས་ཆེན་མོ་ཞེས་པ་ལྷ་སའི་མི་རིགས་རིག་གནས་སྒྱུ་རྩལ་ཕོ་བྲང་དུ་བསྡུས་པ་རེད།
        ཐེངས་འདིའི་གཞས་ཚོགས་སུ་གནམ་ལྕགས་རོལ་ཚོགས་དང་། བསམ་ཁོ། བཀྲ་ཤིས་ཉི་མ། སྒྲོལ་བྷེ། ཨ་དུང་སོགས་བོད་ཀྱི་གླུ་བ་གླུ་མ་གདན་འདྲེན་ཞུས་ཡོད་ཅིང་། ཁོ་ཚོ་ནི་བོད་ལྗོངས་ས་ཁུལ་འགུལ་སྤོ་དབྱངས་དྲིལ་སྤྱོད་མཁན་གྱིས་དབྱངས་དྲིལ་ཕབ་ལེན་བྱེད་ཚད་ཆེས་མང་བའི་གླུ་བ་གླུ་མ་དག་རེད།
        དགོང་ཚོགས་སུ། གླུ་མ་ཟློ་བ་སྒྲོལ་མས《ཟླ་བའི་ལྷ་མོ》ཞེས་པའི་གཞས་ཕུལ་བ་དང་། ཨ་དུང་གིས《མཛེས་ལྡན་བུ་མོ》། གནམ་ལྕགས་རོལ་ཚོགས་ཀྱིས《བརྗེད་དུ་མེད་པའི་དོ་ནུབ》ཅེས་པ་དང་། བཀྲ་ཤིས་ཉི་མས་བསྟུད་མར《ཚེ་རིང་ལྷ་མོ》དང་། 《རྨ་ཆུའི་བུ་མོ》། 《སུ་ཡི་སྦྲ་གུར》ཞེས་པའི་གཞས་གསུམ་ཕུལ་ལ། དེ་བཞིན་དུ་བོད་ཀྱི་གླུ་བ་གླུ་མ་གཞན་དག་གིས་ཀྱང་སོ་སོའི་གཞས་ཕུལ་ཏེ་ཡུལ་དངོས་སུ་སྤྲོ་དགའི་སྣང་བ་རྒྱས་ཏེ་བག་བྲོ་བའི་རྣམ་པས་ཁེངས།
        རྒྱུས་ལོན་པ་ལྟར་ན། 2013ལོར་ཡང་ཀྲུང་གོའི་འགུལ་སྤོ་བོད་ལྗོངས་ཀུང་ཟིས་དུས་ངེས་མེད་དུ་གཞས་ཚོགས་སྣ་མང་སྤེལ་རྒྱུ་ཡིན་པ་མ་ཟད། སྐུད་མེད་རོལ་མོའི་ཚོགས་མི་འབྲེལ་ཡོད་བྱ་འགུལ་དུ་ཞུགས་པར་རིན་མེད་གདན་ཞུ་བྱ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།