གླུ་གཞས《མདོ་དབུས་ཁམས་གསུམ།》ཞེས་པ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ཁ་བ་ཅན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-16 09:45:00 ཀློག་གྲངས།:


གཞས་པ། བཀྲ་ཤིས་རྣམ་རྒྱལ།

       ཉེ་ལམ།  བོད་ཀྱི་ན་གཞོན་གླུ་བ་བཀྲ་ཤིས་རྣམ་རྒྱལ་གྱིས་གསར་དུ་བླངས་པའི་གླུ་གཞས་གསར་བ《མདོ་དབུས་ཁམས་གསུམ།》(多卫康颂)ཞེས་པ་དེ། པེ་ཅིན་ཁ་བ་ཅན་གློག་བརྙན་ཀུང་ཟིས་སྒྲ་ལེན་སྒྲིག་སྦྱོར་བྱས་ཚར། དེ་ཡང་བོད་ཀྱི་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་གསང་བདག་གིས་དབྱངས་བརྩམས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞི་བདེ་ཉི་མས་ཚིག་བརྩམས་པ། 
       གླུ་གཞས་འདིས་ཡངས་ཤིང་རྒྱ་ཆེ་བའི་བོད་མདོ་དབུས་ཁམས་གསུམ་ལ། ཤ་དང་རུས་པའི་གཏིང་ནས་དུང་བརྗོད་བྱས་ཡོད་པ་དང་།  གཞས་པ་བཀྲ་ཤིས་རྣམ་རྒྱལ་གྱི་གླུ་གཞས་ལེན་སྟངས་དང་། ངག་གི་བཀོད་པ། དབུགས་ཀྱི་འདྲེན་སྟངས།  བརྩེ་མདངས་མཚོན་ཐབས། ཚིག་གི་ཡང་ལྕི། སྨྲ་བརྗོད་ཀྱི་དག་གཙང་སོགས་གང་ཐད་ནས་ཤིན་ཏུ་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། བོད་པ་དག་གིས་ཉན་སྤྲོ་ཞིང་ཉན་འོས་པའི་གླུ་གཞས་ཤིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།