ཀླུ་མོ་སྐྱིད་ཀྱི་རླུང་བུ་ཞེས་པའི་གཞས་དེ་ནང་ལོགས་སུ་དར་ཁྱབ་འགྲོ་བཞིན་པ།

རྩོམ་པ་པོ།:TBmovie ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-28 09:10:00 ཀློག་གྲངས།:

ཀླུ་མོ་སྐྱིད་ཀྱི་གླུ་རླུང་བུ་ཞེས་པའི་གཞས་དེ་ནང་ལོགས་སུ་དར་ཁྱབ་འགྲོ་བཞིན་པ།
ཀླུ་མོ་སྐྱིད་ཀྱི་རླུང་བུ་ཞེས་པའི་གཞས་དེ་ནང་ལོགས་སུ་དར་ཁྱབ་འགྲོ་བཞིན་པ།

         ཕོ་ལན་འཛམ་གླིང་རིག་གནས་བརྗེ་རེས་དུས་ཆེན་སྟེང་གསེར་གྱི་རྟགས་མའི་གཟེངས་རྟགས་ཐོབ་མཁན་བོད་ཀྱི་ན་གཞོན་གཞས་མ་ཀླུ་མོ་སྐྱིད་ཀྱིས་བཏང་བའི་ཀྲུང་གོའི་བྱང་ཤར་ལུགས་ཀྱི་དམངས་གླུ་རླུང་བུ་ཞེས་པ་དེ་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཆེན་མོ་ས་ཆེན་ཞེས་པ་བརྒྱུད་གཏོང་བྱས་པ་དང་བསྟུན། ནང་ལོགས་སུ་དར་ཁྱབ་ཤིན་ཏུ་ཆེ་རུ་འགྲོ་བཞིན་པ་མ་ཟད་བོད་ཀྱི་གཞས་མ་ཞིག་གི་ངོས་ནས་བྱང་ཤར་ས་ཆའི་དམངས་གཞས་དེ་དེ་འདྲའི་འདྲ་ཆགས་དང་ཡིད་སེམས་འདྲེན་པོ་ལེན་ཐུབ་པ་ནི་དངོས་ནས་ཧ་ལས་པ་ཞིག་རེད་ཅེས་ཁས་ལེན་བྱེད་ཀྱིན་འདུག 
         དེ་ནི་དུས་རབས་གསར་བའི་བོད་ཀྱི་གཞས་གཏོང་མཁན་ཚོའི་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་འགྲོ་བཞིན་པ་དང་རོལ་མའི་བྱང་ཚད་ཀྱང་ཕ་སྐད་ལམ་ནས་གཏོང་ཐུབ་པ་ཙམ་མ་ཡིན་པར། མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་ཆེད་ལས་གཞས་པའི་བྱང་ཚད་བར་ཐོད་རྒལ་དུ་འགྲོ་བཞིན་པའི་དན་རྟགས་རེད། མ་ཟད་བོད་ཀྱི་གཞས་མ་གླུ་མོ་སྐྱིད་ཀྱིས་མཚོན་པའི་རྒྱལ་སྤྱིའི་གར་སྟེགས་སྟེང་མི་རིགས་ཀྱི་གླུ་གཞས་རིག་གནས་ཁྱབ་སྤེལ་དང་རྒྱལ་ཁབ་གཞན་པ་དང་མི་རིགས་གཞན་གྱི་སྐད་ངོས་ནས་བོད་ཀྱི་དུས་རབས་གསར་བའི་ན་གཞོན་ཚོའི་འཇོན་ཐང་སྤེལ་ནས་མི་རིགས་ཀྱི་རིག་གནས་རིན་ཐང་དང་མཐོ་རུ་འདེགས་མཁན་ཚོའི་ལས་ཀའི་གྲུབ་འབས་ལ་རྗེས་སུ་ཡི་རངས་བྱ་འོས་པས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།