ཚངས་དབྱངས་རྒྱ་མཚོའི་མགུར་གླུ་མོད་པོ་བསྡུས་པའི་བོད་ཀྱི་རོལ་མོའི་ཆེད་བསྒྲིགས་ཐོག་མ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-21 10:39:00 ཀློག་གྲངས།:

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་མོད་པོ་བསྡུས་པའི་བོད་ཀྱི་རོལ་མོའི་ཆེད་བསྒྲིགས་ཐོག་མ།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ་མོད་པོ་བསྡུས་པའི་
བོད་ཀྱི་རོལ་མོའི་ཆེད་བསྒྲིགས་ཐོག་མ།

         རྒྱུས་ལོན་པ་ལྟར་ན། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་མོད་པོ་བསྡུས་པའི་བོད་ཀྱི་རོལ་མོའི་ཆེད་བསྒྲིགས་ཐོག་མ《མ་སྐྱེས་ཨ་མའི་བོད་ཀྱི་གླུ་གཞས་བརྒྱུད་སྦྲེལ།  ཚངས་དབྱངས་རྒྱ་མཚོའི་མགུར་གླུ》འགྲེམ་སྤེལ་བྱེད་ལ་ཉེ། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ནི་མ་སྐྱེས་ཨ་མའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་ཚོགས་པས་གསར་སྐྲུན་བྱས་ཤིང་། གླུ་གཞས་ཡོངས་ནི་གླུ་གར་ཚོགས་པ་འདིས་བླངས་པ་ཡིན།
         མ་སྐྱེས་ཨ་མའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་ཚོགས་པའི་ཚོགས་མི་ཕལ་ཆེར་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་། གླུ་བ། རོལ་མོ་བ་བཅས་ཡིན་ལ། ཆུང་དུས་ནས་བཟུང་ཡུལ་མི་དང་ལྷན་དུ་རྩྭ་ཐང་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་ཡིན་ལ།  ཞོར་དུ་རང་བྱུང་ཁམས་ཆེན་པོ་དེ་རུ་གང་བྱུང་དུ་གླུ་གཞས་ལེན་པ་ནི་ཁོ་ཚོའི་རྒྱུན་གོམས་སུ་གྱུར་ཡོད། དེར་བརྟེན་མ་སྐྱེས་ཨ་མའི་སྒྱུ་རྩལ་ཚོགས་པའི་རོལ་གཞས་ཁྲོད་ཉན་མཁན་རྣམས་ཀྱིས་ཁོ་ཚོའི་ཆེས་རང་བྱུང་དང་། ཆེས་དྭངས་གཙང་། ཆེས་ལྷད་མེད་ཀྱི་བོད་རིགས་དམངས་ཁྲོད་གླུ་གཞས་མྱོང་ཐུབ། 
         འདི་ལྟ་བུའི་རོལ་གཞས་ནི་མི་རིགས་དང་། སྐད་རིགས། དུས་ཀྱི་བར་སྟོང་བཅས་ལས་བརྒལ་ཏེ་མི་རྣམས་ཀྱི་ཡིད་སེམས་རབ་ཏུ་འགུག་བར་བྱེད་ངེས་ཤིང་། གངས་ལྗོངས་མཐོ་སྒང་གི་ལྷད་མེད་གླུ་གཞས་འདི་ལས་འཛིག་རྟེན་འདིར་སྐབས་ཅིག་ཙམ་གྱི་བདེ་བ་དང་དགའ་སྤྲོ་བསྐྱེད་པར་སྨོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།