ཨ་ལན་ཟླ་བ་སྒྲོལ་མས་རོལ་མོའི་ཟློས་གར《བྱེའུ་ཚང་། ཡིད་མགུ》ནང་གཙོ་འཁྲབ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-23 11:08:00 ཀློག་གྲངས།:

ཨ་ལན་ཟླ་བ་སྒྲོལ་མས་རོལ་མོའི་ཟློས་གར《བྱེའུ་ཚང་།  ཡིད་མགུ》ནང་གཙོ་འཁྲབ་བྱས་པ།
ཨ་ལན་ཟླ་བ་སྒྲོལ་མས་རོལ་མོའི་ཟློས་གར《བྱེའུ་ཚང་། 
ཡིད་མགུ》དུ་གཙོ་འཁྲབ་བྱས་པ།

  ཟླ8པའི་ཚེས21ཉིན་གྱི་སྔ་དྲོ།   ལུའུ་ཁྲོན་གྱིས་འཁྲབ་ཁྲིད་བྱས་པའི《བྱེའུ་ཚང་།  ཡིད་མགུ》ཞེས་པ་པེ་ཅིང་དུ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མ་གདན་འདྲེན་ཞུས་ཏེ《བྱེའུ་ཚང་།  ཡིད་མགུ》ཞེས་པའི་གཙོ་འཁྲབ་བུ་མོ་སྟེ“ཆུ་ཤེལ་ལྷ་མོ”འཁྲབ་སྟོན་བྱས། 
  དེ་སྔོན་ཨ་ལན་ཟླ་བ་སྒྲོལ་མས《གར་ཚོགས་ཆེན་མོ》ཞེས་པའི་ཁྲོད་ཕུན་སུམ་ཚོགས་པའི་འཁྲབ་སྟོན་གནང་བ་དང་། མོའི་སྐད་ངག་ལ་ལས་རིགས་ཕྱི་ནང་གི་མི་རྣམས་ཀྱིས་ཁས་ལེན་ཆེན་པོ་བྱེད་པའི་ཁར་འཁྲབ་ཁྲིད་པ་ལུའུ་ཁྲོན་གྱིས་དེ་མུར་དོ་སྣང་བྱས།  《བྱེའུ་ཚང་།  ཡིད་མགུ》ཞེས་པའི་གཙོ་འཁྲབ་མི་སྣ་ཡིན་པའི་ཆ་ནས་ཨ་ལན་གྱིས་བཤད་རྒྱུར། ཐེངས་འདིར《བྱེའུ་ཚང་།  ཡིད་མགུ》གྱི་གཙོ་འཁྲབ་མི་སྣའི་འགན་ལེན་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། དགའ་མོས་བྱེད་མཁན་རྣམས་ཀྱིས་སྐབས་འདིའི་འཁྲབ་སྟོན་ལ་གཟིགས་རྟོགས་གནང་བར་མཁྱེན་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།