གདུགས་དཀར་ཚེ་རིང་གིTibet Ambient1ཞེས་པའི་རོལ་གཞས་ཆེད་བསྒྲིགསiTunesདྲ་ངོས་སུ་སྤེལ་བ།
appleཁེ་ལས་ལས་ཁུངས་ཀྱི་དྲ་བའི་གཙོ་ངོསitunes།
ཉེ་སྔོན། གདུགས་དཀར་ཚེ་རིང་གིས་ཨ་རི་ནtibetambient1ཞེས་པའི་གླུ་གཞས་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས་ཤིང་། དེའི་མཚུངས་སུappleཁེ་ལས་ལས་ཁུངས་ཀྱི་དྲ་བའི་གཙོ་ངོསitunesསྟེང་སྤེལ་པ་རེད། ཁོས་བཤད་རྒྱུར། འདི་ནི་རབ་དང་རིམ་པའི་ཆེད་བསྒྲིགས་ཤིག་ཡིན་པ་དང་། དོན་དམ་དུ་ཆེད་བསྒྲིགས་དང་པོ་དེ་སྔ་མོ་ནས་ལེགས་འགྲུབ་བྱུང་ཟིན་ནའང་སྐབས་བབས་ཀྱི་དུས་ཤིག་དང་བསྟུན་ནས་རང་ཉིད་ལ་རྒྱབ་སྐྱོར་བྱེད་པའི་གཞས་དུངས་གྲོགས་པོ་རྣམས་ལ་བཀའ་དྲིན་ཞུ་བར་ད་ལྟ་དངོས་སུ་སྤེལ་ལ། དེ་མིན་དྲ་ངོསitunesསྟེང་སྤེལ་པའི་རྒྱུ་མཚན་ནི་གླུ་གཞས་ལ་དོན་དངོས་ཐོག་སྲུང་སྐྱོབ་བྱེད་ཐུབ་པ་དང་དེ་ལས་གལ་ཆེ་བ་ཞིག་ནི་གླུ་གཞས་ལ་བརྩི་འཇོག་ཆེན་པོ་བྱེད་པས་ཡིན་པ་དང་། རང་ཉིད་ཀྱི་ཕ་སྐད་རྐྱང་གཞས་དག་ཀྱང་བསྟུད་མརitunesསྟེང་སྤེལ་ངེས་ཤིང་རྣམ་པ་ཚོས་སྔ་ན་མེད་པའི་རོལ་དབྱངས་མང་པོར་གསན་ཐུབ་པར་སྨོན་ཟེར།
གདུགས་དཀར་ཚེ་རིང་གི་རོལ་གཞས་ཆེད་བསྒྲིགས་དང་པོtibetambient1།
ཆེད་བསྒྲིགས་འདི་ནི་བོད་རིགས་ཀྱི་ཐོག་མའི་གློག་བརྙན་སྒྲ་ལེན་པ་གདུགས་དཀར་ཚེ་རིང་གིས་སྒྲིག་བཟོ་བྱས་པའི་རོལ་དབྱངས་འགྱུར་ཁུགས་ཀྱི་བརྙན་འཁོར་ཞིག་ཡིན་ཞིང་། སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད་དུ་གངས་ལྗོངས་ཕྱུག་མོའི་ཚོར་རྣམ་སྟུག་པ་དང་། མུ་མེད་ཚོར་ཤུགས་ཀྱི་བརྒྱུད་ལམ་རིང་ལ། སེམས་ཁུངས་ནས་དྲངས་བའི་སྒྲ་དབྱངས་དེ་རག་པར་དཀའ་བའི་རྣམ་ཤེས་ཀྱི་བང་རིམ་ནས་བཏོད་ཅིང་། ལྗིད་ཏིག་ཏིག་གི་འགྱུར་ཁུགས་ཉིད་ནི་མཁའ་མཐའི་ཉི་འོད་བཞིན་དྲོད་ལམ་མེར་བྱེད།
ཨ་རི་ན་སློབ་གཉེར་བྱེད་པའི་གདུགས་དཀར་ཚེ་རིང་གི་ཉེ་པར།
དྲ་གནས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com