ངོས་དང་པོ > སྒྱུ་རྩལ། > སྙན་དབྱངས་འགྱུར་ཁུག > གླུ་བ་དགེ་ལེགས་ཀྱི་རྡུང་ལེན་ཆེད་ཚོགས་ཨ་མདོ་བརྙན་འཕྲིན་ནས་བསྡུས།
གླུ་བ་དགེ་ལེགས་ཀྱི་རྡུང་ལེན་ཆེད་ཚོགས་ཨ་མདོ་བརྙན་འཕྲིན་ནས་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2024-11-22 09:08:09
ཀློག་གྲངས།:
ཨ་མདོ་བརྙན་འཕྲིན་གྱི་ཕུལ་བྱུང་གཞས་པ་གཞས་མའི་མུ་འབྲེལ་གླུ་གཞས་ཆེད་ཚོགས༼གངས་རིའི་སྐར་རྒྱན༽ལས། མགོ་ལོག་གླུ་བ་དགེ་ལེགས་ཀྱི་རྡུང་ལེན་ཆེད་ཚོགས༼འབྲུག་སིང་སིང༽ཞེས་པ་སྤྱི་ཟླ༡༡པའི་ཚེས༢༡ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པའི་སྟེང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་འཚོགས་ཤིང་། དགོང་ཚོགས་ཀྱི་མགོ་རྔ་ཆ་ཚང་ཨ་མདོ་བརྙན་འཕྲིན་གྱི་དུས་དབྱངས་འཕྲིན་སྟེགས་དང་སྐད་འཕྲིན་བརྙན་ལམ། གངས་ལྗོངས་མེ་ལོངappབཅས་ནས་དུས་མཉམ་དུ་ཐད་གཏོང་བྱས།

གླུ་བ་དགེ་ལེགས་ལ་མཚོན་ན་སྒྲ་སྙན་རྡུང་ལེན་ལ་འཕེལ་རྒྱས་ཤིན་ཏུ་ཆེ་བའི་ལོ་རབས་དགུ་བཅུ་པའི་དཀྱིལ་ཏེ། ༡༩༩༥ལོར་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དང་པོའི་སྟེང་། ༼བུ་མོ་འཛུམ་དཀར་ཅན་ལགས༽ཞེས་པའི་རྡུང་ལེན་བླངས་ཏེ་ཨང་གཉིས་པ་ཐོབ་པ་ནས་བཟུང་རྡུང་ལེན་སྒྱུ་རྩལ་གྱི་གར་སྟེགས་སུ་གོམ་པ་སྤོས་ཤིང་། དེའི་རྗེས་ཀྱི་མི་ལོ་སུམ་ཅུར་ཉེ་བའི་རིང་། མི་སྒེར་ཆེད་སྒྲིག་བརྙན་འཁོར་བཞི་དང་མཉམ་འབྲེལ་བརྙན་འཁོར་བདུན་ཅུ་ལྷག་སྤྱི་ཚོགས་སུ་བཀྲམས་པས་ཀུན་ལ་བག་ཆགས་ཆེ་བའི་རྡུང་ལེན་པ་ཞིག་ཏུ་གྱུར་ཡོད།

དེ་མིན་ད་དུང་གླུ་བ་དགེ་ལེགས་ནི་གླུ་གཞས་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་བརྩོན་སེམས་ནམ་ཡང་ལྷོད་མ་མྱོང་བ་ཞིག་ཡིན་པས། བྱ་བའི་ཞོར་ནས་མདོ་སྟོད་སྨད་གཉིས་སུ་གླུ་གཞས་སྒྱུ་རྩལ་ཐད་བྱས་རྗེས་ཆེ་ཞིང་ཀུན་ལ་བག་ཆགས་ཟབ་པའི་གླུ་བ་རྒན་གཞོན་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་ལ། དེ་ལས་སློབ་མ༥༨ཀྱིས་སྙན་མོ་གླུ་ཡི་ལེགས་སྐྱེས་བཏེགས་ནས་ཐེངས་འདིའི་རྡུང་ལེན་ཆེད་ཚོགས་ལ་མཉམ་ཞུགས་བྱས་ཡོད།

གླུ་བ་དགེ་ལེགས་ཀྱི་རྡུང་ལེན་ཆེད་ཚོགས་ཧྲིལ་བོ་འཁྲབ་ཚན་བཅུ་བདུན་གྱིས་གྲུབ་ཡོད་ཅིང་། ནང་དོན་གྱི་ཆ་ནས་དམངས་གླུ་དང་། ཨ་མདོའི་རྡུང་ལེན། གེ་སར་སྒྲུང་གླུ་སོགས་སྲོལ་རྒྱུན་གྱི་གླུ་གར་རིག་གནས་ཀྱི་ཉིང་བཅུད་འདུས་ཡོད་ལ། རྣམ་པའི་ཐད་ནས་ཁེར་ལེན་དང་མཉམ་ལེན། མཐུད་ལེན་སོགས་ཡོད་པས། ནང་དོན་དང་རྣམ་པ་གཉིས་ཆ་ཡི་འཁྲབ་ཚན་སྒྲིག་སྟངས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན།

ཕྱོགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་དང་གླུ་བ་གླུ་མ། ལྟད་མོ་བ་བཅས་མི་ལྔ་བརྒྱ་ལྷག་གིས་ཡུལ་དངོས་ནས་དགོང་ཚོགས་ལ་རོལ་མྱོང་བྱས་པ་དང་། མི་འབུམ་གསུམ་ལྷག་གིས་ཨ་མདོ་བརྙན་འཕྲིན་གྱི་དུས་དབྱངས་འཕྲིན་སྟེགས་དང་སྐད་འཕྲིན་བརྙན་ལམ། གངས་ལྗོངས་མེ་ལོངappབཅས་ཀྱི་དྲ་ལམ་ཐད་གཏོང་བརྒྱུད་ནས་དགོང་ཚོགས་ལ་རོལ་མྱོང་བྱས།

དགོང་ཚོགས་ཡུལ་དངོས་ཀྱི་པར་ཁ་ཤས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།