• ཟླ1ཚེས22ཉིན་གྱི་དགོང་མོར།རྔ་བའི་བོད་སྐད་འཕྲིན་ལམ་གྱི2024ལོའི་ལོ་སར་དགོང་ཚོགས«ཛམ་ལྷ་དགྱེས་པའི་གཡང་ལོ»ཞེས་པ་འཛམ་ཐང་རྫོང་གི་སྒྱུ་རྩལ་ཕོ་བྲང་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་།ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་བ68ཀྱིས་ལྟད་མོ་བ་དག་ལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ལྟད་མོ་གཟབ་རྒྱས་ཤིག་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ།...

    2024-01-26 08:47:55 སྐལ་བཟང་སྐྱབས། 9750
  • སྤྱི་ཟླ1པོའི་ཚེས13ཉིན།སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་ཁམས་པའི་བརྙན་འཕྲིན་དང་མི་རིགས་རླུང་འཕྲིན།ཀྲུང་གུང་གསེར་རྟ་རྫོང་ཨུ།གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ལོ་སར་སྤྲོ་ཚོགས«གཡུ་འབྲུག་དགྱེས་སྟོན»ཞེས་པ་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཁང་ནས་བརྙན་ཕབ་ལེགས་གྲུབ་བྱུང་།...

    2024-01-15 08:50:02 མཚོ་སྔོན་པོ་དྲ་བ། 9608
  • ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ«གཡུ་འབྲུག་དགྱེས་པའི་མཆོད་སྤྲིན»ཞེས་པ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་།ཞིང་ཆེན་ཕྱི་ནང་གཉིས་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་འཁྲབ་སྟོན་པ་བསྡོམས་པས་འཁྲབ་སྟོན་པ་མི་ལྔ་བརྒྱ་ལྷག་ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཆེན་མོའི་གར་སྟེགས་གཅིག་ལ་མཉམ་དུ་འཛོམས།...

    2023-12-16 15:15:31 མཚོ་སྔོན་པོ་དྲ་བ། 8897
  • དཔྱད་རྩོམ་འདིར་བོད་ཀྱི་སྲོལ་རྒྱུན་རོལ་མོ་སྒྲ་སྙན་སྐོར་ལ་རྩོམ་པ་པོས་ལོ་མང་རིང་ས་ཡུལ་དངོས་ལ་རྟོག་ཞིབ་དང་དམངས་ཁྲོད་སྒྱུ་རྩལ་པའི་ཁྲོད་ནས་སློབ་སྦྱོང་།དེ་མིན་དངོས་སུ་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཚོད་ལྟའི་ལམ་ནས་ཐོབ་པའི་སྒྲ་སྙན་གྱི་རྒྱུད་མང་ཉུང་དང་སྐད་བསྒྲིགས་སྟངས།ཡུལ་སོ་སོའི་མིའི་མགྲིན་པ་དང་མཐུན་པའི་སྐད་སའི་འདེམས་སྤྱོད་བྱེད་ལུགས་སོགས་ལ་རང་ལུགས་ཀྱི་དཔྱད་གཏམ་ཕྲན་བུ་སྤེལ་འདུག་ལ།དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུག་པའི་ལྕགས་ཀྱོ་ཞེས་པའི་གར་གྱི་རྩ་འཛིན་ཡིག་ཚག་དེ་རྒྱབ་བརྟེན་དུ་བྱས་ནས་རྒྱུད་བརྒྱད་ལྡན་གྱི་སྒྲ་སྙན་སྐོར་རགས་ཙམ་གླེང་འདུག...

    2023-12-11 09:07:16 སྐལ་བཟང་ཕུན་ཚོགས། 8526
  • ཨ་ཅེ་འབྲོག་མོའམ་མིང་དུ་གྲགས་པའི་གཞས་མ་སྒྲོན་པེ་ལགས་ལོ་ངོ་ཉི་ཤུའི་ཡར་སྔོན་ནས་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་དངོས་སུ་ཞུགས་ཏེ།སྤྱི་ལོ༢༠༠༣ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཆེན་མོ«གངས་ལྗོངས་མཆོད་བསྟོད་ཆེན་མོ»ཞེས་པའི་སྟེང«ཆ་ལེ་མོ་བསྭོ»ཞེས་པའི་གླུ་གཞས་སྙན་མོ་ཞིག་བླངས་པ་ནས་བཟུང་ལྟ་མཁན་མང་པོས་ཐོག་མར་ཁོ་མོ་ངོ་ཤེས་པར་གྱུར་ཅིང་།དེའི་རྗེས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་སྙེག་པའི་ལོ་ཟླའི་ཁྲོད་ནས།«ཨ་ཅེ་འབྲོག་མོ»དང«འབྲི་མོ་བཞོ་དབྱངས»ལ་སོགས་པའི་སྙན་པའི་འགྱུར་ཁུགས་རབ་ཏུ་རྫོགས་པའི་གླུ་གཞས་སྙན་མོ་གང་མང་ཞིག་སྔ་ཕྱིར་བཏང་བ་དེ་ཡིས་ཁོ་མོ་གཞི་ནས་བོད་འབྲེལ་ས་ཁུལ་ཡོངས་ལ་སྐད་གྲགས་ཀྱིས་ཆོད་པར་གྱུར་ཏེ།ལྟ་མཁན་དང་ཉན་མཁན་ཁྲི་སྟོང་མང་པོར་ཤུགས་རྐྱེན་དང་བག་ཆགས་ཟབ་མོ་བཞག...

    2023-11-06 09:35:12 མཚོ་སྔོན་པོ་དྲ་བ། 7799
  • རྒྱུད་དབྱངས་ཞེས་བྱ་བ་དེ་ནི་སྡེ་རོང་རྫོང་ཞོལ་ལུང་ཤང་གི་ཁོངས་སུ་སྔར་ནས་དར་བའི་དམངས་ཁྲོད་གླུ་གར་གྱི་རྣམ་པ་ཞིག་ཡིན་པ་དང་།གང་དེ་མིག་སྔར་སི་ཁྲོན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད།རྒྱུད་དབྱངས་ཀྱི་འཁྲབ་སྟོན་རྣམ་གྲངས་ནང་རྒྱུད་དབྱངས་དཀྲོལ་ལེན་དང་།རྒྱུད་དབྱངས་ཞབས་བྲོ།རྒྱུད་དབྱངས་མཛའ་གཞས་སོགས་ཡོད་ཅིང་།རྒྱུད་དབྱངས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་རྒྱུད་དབྱངས་གླུ་གཞས་ལེན་པའམ་ཞབས་བྲོ་འཁྲབ་སྐབས་རམ་དཀྲོལ་རོལ་ཆར་ཡུལ་དེའི་ཐུན་མོང་མ་ཡིན་པའི་སྒྲ་སྙན་ཞིག་སྤྱོད་པ་དེ་རེད།ཡུལ་དེའི་སྒྲ་སྙན་དེ་བོད་ཀྱི་རྒྱུད་དཀྲོལ་རོལ་ཆ་སྒྲ་སྙན་གྱི་ཁོངས་སུ་གཏོགས་པ་གང་ཞིགདེའི་མིང་དུའང་ཡུལ་དེའི་མི་རྣམས་ནས་སྒྲ་སྙན་ཞེས་འབོད།ཡིན་ནའང་སྒྲ་སྙན་དེའི་བཟོ་དབྱིབས་གྲུབ་གཞི་དང་།སྒྲ་སྒྲིག་སྟངས།སྒྲ་སྐྱེད་ཁྱད་ཆོས།རོལ་དབྱངས་ཀྱི་ཉམས་ཆོས་སོགས་གང་ཅིའི་ཐད་ནས་དབུས་གཙང་དང་ཨ་མདོ་སོགས་སུ་དར་བའི་སྒྲ་སྙན་དང་ཁྱད་པར་ཆེན་པོ་འདུག...

    2023-08-09 15:16:22 མཚོ་སྔོན་པོ་དྲ་བ། 7736
  • ལྷོ་གཞས་ཀྱི་རམ་སྟེགས་རོལ་ཆ་གཙོ་བོ་ནི་སྒྲ་སྙན་དང་པི་ཝང་ཡིན་པ་དང་།གཞས་གདངས་ཅུང་ལྕི་ལ་སྐད་གསང་མཐོ་པོས་ཐུན་མོང་ཐོག་གཞས་གཏོང་ཞིང་།དལ་གཞས་དང་མགྱོགས་གཞས་ཟུང་འབྲེལ་བྱེད་ལ།འཁྲབ་ཆས་དེ་ཙམ་མཆོར་པོ་མེད་པས་དམངས་ཁྲོད་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད།དེ་སྔ།ལྷོ་གཞས་གཏོང་བའི་དུས་ཚོད་གཙོ་བོ་ནི་ལོ་གསར་དང་།བོད་ཟླ་བཞི་པའི་ཚེས་བཅུ་བཞི་བཅོ་ལྔའི་ཆར་འབེབས་དུས་ཆེན།དབྱར་སྐྱིད་སོགས་དུས་ཆེན་ཚང་མར་མི་རྣམས་མཉམ་འཛོམས་ཀྱིས་ལྷོ་གཞས་གཏོང་སྲོལ་ཡོད།...

    2023-03-27 10:06:59 མཚོ་སྔོན་པོ་དྲ་བ། 12925
  • ཨ་མདོ་བརྙན་འཕྲིན་གྱི་ལོ་སར་གླུ་གཞས་སྤྲོ་ཚོགས«ཁྲི་གཤོག་རྒྱལ་མོའི་རླབས་ཕྲེང»ནི་ཉིས་སྟོང་ཉེར་གཉིས་ལོར་ཐོག་མར་སྒྲུབ་མགོ་བཙུགས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཞིག་ཡིན་ཞིང་།ལོ་རེའི་བོད་ལུགས་ལོ་སར་བསུ་བའི་གླུ་གཞས་སྤྲོ་ཚོགས་ཤིག་ཏུ་ཆེད་དམིགས་ཀྱིས་བསྟུད་མར་སྡུད་འཆར་ཡོད་པའི་རིག་རྩལ་སྤྲོ་ཚོགས་གསར་བ་ཞིག་ཀྱང་ཡིན་པ་རེད།ད་ལོའི་བོད་ཀྱི་ལོ་སར་བསུ་བའི་གླུ་གཞས་སྤྲོ་ཚོགས་ཆེན་མོ«ཁྲི་གཤོག་རྒྱལ་མོའི་རླབས་ཕྲེང»གིས“དུས་རབས་གསར་བའི་བཀའ་དྲིན་ཚོར།འཐབ་ལམ་གསར་བར་འབད་པས་བསྐྱོད།”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས།རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོགརྒྱལ་ཡོངས་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་ངང་མཐུན་སྒྲིལ་འབད་བརྩོན་གྱིས་ཡར་རྒྱས་གོང་འཕེལ་སྙེག་པའི་དུས་རབས་གསར་བའི་སྣང་ཚུལ་ཉམས་དགའ་བ་དེ་ལ་བསྔགས་བརྗོད་དང་བསྟོད་གླུ་བླངས་ཡོད་པ་རེད།...

    2023-02-17 08:51:35 མཚོ་སྔོན་པོ་དྲ་བ། 15107
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་རེར་ཆེ་ཆེར་འགྲོ་བཞིན་པའི་རིག་གནས་དགོས་མཁོ་བསྐོང་ཆེད།དམངས་ཁྲོད་རིག་གནས་དང་གཟུགས་འདུས་ཤུལ་བཞག་རིག་གནས་འགྲེམ་ཆེད།ཟླ་དང་པོའི་ཚེས་བཅོ་ལྔ་ཉིན།མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུས་གཙོ་སྒྲུབ་དང་།ཁུལ་བརྙན་འཕྲིན་ཁང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྒྱང་སྒྲོག།ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་སྒྲུབ་འགན་བྱས་པའི་ད་ལོའི་ལོ་སར་དགོང་ཚོགས«བཀྲ་ཤིས་ལོ་བསྟོད»ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།...

    2023-01-17 09:56:01 དྲ་བའི་རྩོམ་སྒྲིག་པ། 17868

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།