-
ཇི་སྐད་དུ«རོལ་བསྟན»ལས།འགའ་ཞིག་འགའ་ལ་མི་མཛེས་ཤིང་།།ལ་ལ་གཞན་ལ་མཛེས་མ་ཡིན།།མཁས་རྨོངས་སྐྱེས་པ་བུད་མེད་སོགས།།ཀུན་ལ་མཛེས་པ་རོལ་མོ་ཡིན།།ཞེས་པ་ལྟར།འཚོ་བའི་མཐོང་ལུགས་དང་རང་གཤིས་ཀྱི་དགའ་ཚོར་སོགས་ལ་ལྟ་བ་འདྲ་མིན་ཅི་རིགས་སུ་སྣང་ཡང་།ཀུན་ལ་ཐུན་མོང་གིས་གྲུབ་ཡོད་པ་ནི་རོལ་མོ་དང་གླུ་གར་ལ་དགའ་བ་དེ་ཡིན་ལ།དགའ་སྟོན་གྱི་ཡུལ་དུས་གང་དུ་ཡང་རོལ་མོའི་བྱེ་བྲག་དང་གར་གྱི་སྟངས་སྟབས་སྣ་ཚོགས་ཀུན་གྱི་སྤྱན་ལམ་དུ་འབུལ་བར་བྱ་བ་ནི་མིའི་རིགས་སྤྱིའི་ཐུན་མོང་གི་རང་གཤིས་ཤིག་ཡིན་པར་མ་ཟད།མིའི་ཡིད་ཁམས་གསོ་བྱེད་ཀྱི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན་པ་ལགས་ན།ད་རེས་མཚོ་ལྷོ་ཁུལ་གྱིས་ཕྱོགས་བཞིའི་གླུ་མཁན་རྣམས་ཀྱི་ངག་གི་གདངས་དབྱངས་ཆབ་འགག་གསེར་ལྡན་ཡུལ་དུ་གདན་དྲངས་ཏེ།རང་ཁུལ་གྱི་རིགས་གཅིག་སྤུན་ཟླ་ཀུན་ལ་ལོ་སར་གྱི་དགའ་སྟོན་དུ་ཕུལ་གྲབས་འདུག་གོ།...
2023-01-12 10:32:37 མཚོ་སྔོན་པོ་དྲ་བ། 17666 -
བགྲེས་པར་གྱུར་པའི་ལོ་རྒན་ཞིག་ཕར་ལ་བསྐྱལ་ཏེ་རེ་སྨོན་གྱིས་ཁེངས་པའི་ཆུ་མོ་ཡོས་ཀྱི་གནམ་ལོ་གསར་བ་འཁྲིས་སུ་གསོལ་བའི་དུས་འདིར།དྭངས་གཙང་གི་སྨོན་པ་ལ་བཀྲ་ཤིས་པའི་ཁ་གཡང་གིས་བརྒྱན་ཅིང་།ལྷད་མེད་ཀྱི་འཛུམ་ཆུང་ལ་ཉམས་འགྱུར་གྱི་སྟངས་སྟབས་ཀྱིས་སྡེབ་སྟེ།གསེར་ཞུན་གྱི་ཡུལ་ལྗོངས་ཀུན་ཏུ་མིག་དབང་གསོ་བའི་ལྟད་མོ་གྱ་ནོམ་པ་ཞིག་ང་ཚོའི་བསམ་པའི་འཚོ་བའི་རྒྱགས་ཕྱེ་རུ་གནང་གྲབས་ཡོད་པ་ལགས་ན།འདིར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གེ་སར་ཟློས་གར་ཚོགས་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཟློ་གར་ཚོགས་པས་འགན་སྒྲུབ་གནང་ཞིང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བྱས་པའི་ཆུ་མོ་ཡོས་ལོའི་ལོ་གསར་རིག་རྩལ་དགོང་ཚོགས«འབྱོར་ཕྱུག་གི་ཨ་མདོ»ཞེས་པ་དེ་སྤྱི་ཟླ1པོའི་ཚེས13ཉིན་གྱི་དགོང་མོའི་དུས་ཚོད19:30སྟེང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།...
2023-01-09 09:16:13 མཚོ་སྔོན་པོ་དྲ་བ། 16004 -
ཡམ་བུ་ནགས་ཀྱི་དཀྱིལ་ནས།།གསེར་གྱི་རྒྱ་གླིང་བཏང་བྱུང་།།གཏོང་མཁན་ངོ་ནི་མི་ཤེས།།རྒྱ་གླིང་སེམས་ལ་ངེས་སོང་།།...
2022-12-01 14:13:37 མཚོ་སྔོན་པོ་དྲ་བ། 19385 -
དྲུག་གཅིག་བྱིས་པའི་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།...
2022-06-01 08:59:20 སྒོ་སྤྲེལ་ངེས་དོན། 25900 -
[སྙན་དབྱངས་འགྱུར་ཁུག]
མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་སར་དགོང་ཚོགས«ལོ་གཡང་ཐིག་ལེ་རང་འཁྱིལ»བརྙན་ཕབ་ལེགས་འགྲུབ་བྱུང་།
མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཀྱང་སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་སར་གྱི་ལེགས་སྐྱེས་སུ«ལོ་གཡང་ཐིག་ལེ་རང་འཁྱིལ»ཞེས་པའི་གླུ་གར་བྲོ་གསུམ་གྱི་དགོང་ཚོགས་བསྡུས།...
2022-01-24 09:21:30 མཚོ་སྔོན་པོ་དྲ་བ། 26560 -
[སྙན་དབྱངས་འགྱུར་ཁུག]
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ།
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་སྩོལ་བའི་དགོང་ཚོགས་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་།དགོང་ཚོགས་སུ་སྐབས་འདིའི་སྒྲ་སྙན་འགྲན་རྒྱལ་པ་དང་པོ་གཉིས་དང་།གཉིས་པ་གཉིས།གསུམ་པ་གསུམ་ལ་བྱ་དགའ་གནང་བ་དང་ཆབས་ཅིགསྟོད་ཀྱི་མངའ་རིས་སྒྲ་སྙན་ནས་དབུས་ཀྱི་ནང་མ་སྟོད་གཞས།ཁམས་ཀྱི་འབའ་གཞས།སྨད་ཀྱི་ཨ་མདོའི་སྒྲ་སྙན་གཙོ་བྱས་ཉམས་འགྱུར་སྟོང་གི་ཕྱུག་པའི་ནག་ཆུའི་དམངས་གླུ།བདེ་ཆེན་གྱི་འབའ་གཞས།རྒྱལ་རོང་གི་སྐོར་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རམ་འདེགས་དུ་མའི་ཁྲོད་དུས་ཡུན་ཟླ་བ5ཡི་རིང་གི་སྒྲ་སྙན་རྡུང་ལེན་གྱི་འགྲན་སྡུར་དེ་བདེ་བླག་ངང་ནས་མཇུག་འགྲིལ་བ་རེད།...
2020-11-23 10:10:19 མི་གསལ། 32193 -
[སྙན་དབྱངས་འགྱུར་ཁུག]
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་སྐལ་བཟང་བཀྲ་ཤིས་ལ་ཐོབ།
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ།ཟླ11པའི་ཚེས16ཉིན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་ངང་ཡོངས་སུ་མཇུག་བསྡུས།...
2020-11-18 16:41:15 མི་གསལ། 33703 -
ཟླ11པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་དང་།ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དྲིལ་བསྒྲགས་པུའུ།མཚོ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་ལྷོ་ཁུལ་གྱི་བོད་ཀྱི་དམངས་གཞས་དགོང་ཚོགས་སྐབས་གསུམ་པ་དེ་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཕབ་སྐྲུན་བྱས།...
2020-11-13 09:54:47 བདེ་ཆེན་མཚོ་ཡིས་བསྒྱུར། 28489 -
[སྙན་དབྱངས་འགྱུར་ཁུག]
༄༅།།ཨ་མདོའི་སྲོལ་རྒྱུན་དམངས་གླུ་དང་ལ་གཞས་འགྲན་སྡུར་སྐབས་གསུམ་པ་ཁམས་རར་བསྡུས་པ།
ཉེ་ལམ།ཨ་མདོའི་སྲོལ་རྒྱུན་དམངས་གླུ་དང་ལ་གཞས་འགྲན་སྡུར་སྐབས་གསུམ་པ་ཁམས་རར་བསྡུས་་ཤིང་།ཐེངས་འདིའི་བྱ་འགུལ་ནི་དམངས་གླུ་འགྲན་སྡུར་དང་ལ་གཞས་འགྲན་བསྡུར་གཉིས་སུ་བཀར་ཡོད།...
2020-10-21 11:34:45 ཚེ་བརྟན་སྒྲོལ་མ། 17928 -
[སྙན་དབྱངས་འགྱུར་ཁུག]
༄༅༎ལོ50ལྷག་ཙམ་རིང་གཟུགས་འདས་་རིག་གནས་ཤུལ་བཞག་འཚོལ་ཞིབ་དང་གསར་གཏོད་བྱེད་མཁན་སྨར་ཁམས་ཀྱི་པི་ཝང་ཞབས་བྲོའི་རྒྱུན་འཛིན་པ་ཚེ་རིང་དབང་འདུས།
ལོ་ངོ་50ལྷག་གི་གོང་།ཚེ་རིང་དབང་འདུས་དང་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་པི་ཝང་དབར་ལས་འབྲེལ་བྱུང་ཡོད་ལ།དུས་དེ་ནས་བཟུང་འབྲེལ་བ་དམ་ཟབ་ཏུ་འགྱུར།...
2020-07-23 10:50:46 མི་གསལ། 22567