ཕྲ་རྒྱན་གྱི་བཟོ་རྩལ།
རྡོའི་རིགས་ཀྱི་རིན་པོ་ཆེ་རྣམས་བརྡར་བཟོ་དང༌། གཤག་བཟོ། དབྱིབས་བཟོ། རྫས་འགྱུར་གྱི་ཆུའི་ནང་སྦངས་ནས་འཁྲུ་བ་སོགས་ཀྱི་བཟོ་ལས་ལ་ཟེར། བོད་མི་རིགས་ཀྱིས་རིན་པོ་ཆེ་རིགས་ལེགས་ཉེས་དབྱེ་འབྱེད་ཤེས་པ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་གཡས་གཡོན་དུ་བོད་ཀྱི་གསོ་རིག་མཁས་དབང་གཡུ་ཐོག་ཡོན་ཏན་མགོན་པོསབརྩམས་པའི《སྨན་གྱི་རྒྱུད་བཞི》ཡི་ནང་རིན་པོ་ཆེའི་རིགས་མང་པོར་ནད་བཅོས་པའི་ནུས་པ་ཡོད་ལུགས་གསལ་བཤད་གནང་ཡོད་པ་དང༌། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་འགོར་ཀརྨ་ཆག་མེད་ར་ཀ་ཨ་སྱས《རིན་པོ་ཆེ་བརྟག་པ》དང༌། གོས་དཀར་རོལ་མོ་དཀར་ཡོལ་བརྟག་པ་སོགས་ཀྱི་རྩོམ་ཡིག་མི་ཉུང་བ་ཡོད། འོན་ཀྱང་རྡོའི་རིགས་ཀྱི་རིན་པོ་ཆེ་བརྡར་བཟོ་དང་གཤགས་ལས་ཀྱི་ལག་རྩལ་ཐད་བལ་པོ་དང་ཁ་ཆེར་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ནས་ལྷ་སར་གཞིས་ཆགས་ཏེ་སྡོད་པའི་བལ་པོ་དང་ཁ་ཆེའི་ཚོང་པ་མང་པོ་ཡོད་པ་ནས་པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བལ་པོ་བཟོ་རྩལ་མཁས་པ་མང་པོ་བསྡུས་པའི་ནང་ཕྲ་རྒྱན་བཟོ་རྩལ་ལ་མཁས་པའི་བལ་པོ་ཛ་ན་ཙན་དར་སོགས་མི་ཞེ་དྲུག་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com