DVགློག་བརྙན《ཞིང་གྲོང》གི་གསལ་བརྡ།

རྩོམ་པ་པོ།:ཆེ་ཚང་མ་རྡོ་རྗེ་ཚེ་རིང་། ཡོང་ཁུངས།:ན་གཞོན་གསར་བ། དུས་ཚོད།:2011-03-19 17:06:00 ཀློག་གྲངས།:

 

                                              

         རྒྱ་ཆེ་བའི་ལྟད་མོ་བ་རྣམ་པ།  གནམ་ལོ་གསར་བའི་བཀྲ་ཤིས་རྟེན་འབྲེལ་དང་འགྲོགས་ཏེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་གྱི་ལས་ལ་བརྩོན་བཞིན་པའི་ཕ་ཡུལ་གཅན་ཚའི་སློབ་བུ་སྐོར་ཞིག་གིས། དཀའ་ཁག་མང་བོ་རྒྱབ་ཏུ་བསྐྱུར་ཞིང་རེ་སྨོན་མང་བོར་གདོང་གིས་གཏད་དེ་འཁྲབ་གཞུང་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ། རོལ་དབྱངས་སྒྲིག་སྦྱོར་བ་སོགས་གཞན་ལ་མ་རེ་བར་རང་ནུས་ཅི་ལྕོགས་སྒོས་DVགློག་བརྙན་《ཞིང་གྲོང》ཞེས་པ་ཞིག་བསྒྱུར་ཚར་ནས་སྒྲིག་སྦྱོར་བྱེད་བཞིན་པའི་སྒང་ཡིན་པས། མི་འགྱངས་པར་རྒྱ་ཆེ་བའི་གཟིགས་མོ་རྣམས་གྱི་སྤྱན་ལམ་གྱི་ཟས་སུ་སྨིན་རྒྱུ་ཡིན།གློག་བརྙན་ཐུང་ཐུང་འདིས་ཁ་གཏོད་ས་གཙོ་བོ་ནི་དེང་སྐབས་བོད་ཁམས་སྤྱི་དང་ལྷག་པར་དུ་ཕ་ཡུལ་གཅན་ཚ་ས་ཁུལ་དུ་འདུག་གནས་སྤོ་བའི་ལས་འགུལ་ཞིག་ལངས་ནས། ཕ་ཡུལ་གྱི་ཕ་ཡུལ་དང་རིག་གནས། སྲོལ་རྒྱུན།རི་ཆུ་རྣམས་བསྐྱུར་ཏེ་གྲོང་ཁྱེར་ལ་ཕྱོགས་བཞིན་པའི་སྣང་ཚུལ་དེའི་གཞུག་གི་འཇིགས་ཉམས་ལ་བརྙན་རིས་གྱིས་བཤག་བཅོས་བྱས་ཏེ་གནས་སྤོ་བའི་བོད་མི་རྣམས་ལ་ལག་པ་བྲང་ལ་བཞག་ནས་བསམ་གཞིགས་བྱེད་དགོས་པའི་སྐུལ་མ་བཏང་ཡོད།གློག་བརྙན་ཐུང་ཐུང་འདི་ཡིས་དགེ་བས་དུས་རབས་ཉེར་གཅིག་གི་ལོ་རབས་གསར་བའི་ནང་སྤྱིར་གོ་ལ་ཧྲིལ་བའི་འགྲོ་དྲུག་བདེ་ཞིང་སྐྱིད་པ་དང་སྒོས་སུ་ཁ་བ་རི་བོའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རྒྱུད་ལ་རིགས་ཞེན་དང་མཐུན་སྒྲིལ། རང་རྟོག འཇིགས་ཉེན་ཚོར་ཐུབ་པའི་འདུ་ཤེས་ཤིག་ཆགས་ནས་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་ལག་གདངས་དམ་པོར་སྦྲེལ་ཡོང་བའི་སྨོན་ལམ་ཡང་ཡང་བཏབ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།