བོད་ཀྱི་སློབ་རའི་གློག་བརྙན《 གཟའ་ཉི་མ》ཞེས་པ་ཟླ2པའི་ནང་དངོས་སུ་ལེགས་འགྲུབ་བྱེད་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-14 10:22:00 ཀློག་གྲངས།:


《གཟའ་ཉི་མ》ཕབ་སྐྲུན་ཚོགས་པ།


ཕབ་སྐྲུན་ཡུལ་དངོས།

  ཉེ་སྔོན།  བོད་རིགས་སློབ་ཆེན་སློབ་མས་རྩ་འཛུགས་བྱས་ཤིང་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ཕབ་སྐྲུན་བྱས་པའི་སློབ་རའི་གློག་བརྙན《གཟའ་ཉི་མ 》ཞེས་པ་དངོས་སུ་ཕབ་སྐྲུན་བྱས་ཚར་བ་རེད།  བརྙན་ཐུང་འདི་ནི་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས《 ཕྱིར་འོང་མེད་པའི་ལོ་ཟླ 》ཕབ་སྐྲུན་བྱས་རྗེས་ཀྱི་བོད་ཀྱི་སློབ་རའི་བརྙན་ཐུང་གཉིས་པ་ཡིན་ཞིང་།   བརྙན་ཐུང་འདིའི་ནང་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་གཟའ་ཉི་མའི་གཏམ་རྒྱུད་གཞིར་བཟུང་ནས་ཁོ་དང་ཁོའི་ཁོར་ཡུག    ནང་སེམས་བཅས་དབར་གྱི་འགལ་བ་ཁུངས་སྣེ་བྱས་ཏེ་བོད་རིགས་སློབ་ཆེན་སློབ་མའི་འཚོ་བ་དངོས་ལ་ཟབ་འཇུག་བྱས་ཡོད་པ་རེད། 


ཕབ་སྐྲུན་བྱེད་བཞིན་པ།


ཕབ་སྐྲུན་ཡུལ་དངོས།

  དེ་ཡང་ལྷ་མོ་བཀྲ་ཤིས་ཀྱིས་འཁྲབ་གཞུང་ལ་འཁྲབ་ཁྲིད་བྱས་པ་དང་།  མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ཕབ་སྐྲུན་གྱི་བྱ་འགན་བཞེས་ཤིང་།  དཀོན་མཆོག་རིན་ཆེན་དང་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་བརྙན་ཕབ་དང་སྒྲིག་སྦྱོར་བྱས་པ་དང་། ཤེས་རབ་རྣམ་རྒྱལ་དང་།  ལྷ་མོ་ཆོས་སྐྱིད།  དཔལ་མགོན་རྒྱལ་བཅས་ཀྱིས་གཙོ་འཁྲབ་བྱས་པ་རེད།


《གཟའ་ཉི་མ》ཕབ་སྐྲུན་ཚོགས་པའི་དཔང་ཡིག

  འཁྲབ་གཞུང《 གཟའ་ཉི་མ》ཞེས་པ་ད་ལྟ་དངོས་སུ་སྒྲིག་སྤྱོར་བྱེད་བཞིན་ཡོད་ཅིང་།  2011ལོའི་ཟླ2པར་དངོས་སུ་ལེགས་འགྲུབ་བྱེད་འཆར་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།