རྐ་ཕུག•བསོད་རྡོའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-24 09:41:00 ཀློག་གྲངས།:


རྐ་ཕུག•བསོད་རྡོའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།


རྐ་ཕུག•བསོད་རྡོའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།

     ཉེ་ཆར། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མི་ཆོས་ཀྱི་ཀྲུང་གོ་སྐབས་བདུན་པའི《འཕོ་འགྱུར》ཞེས་པའི་བརྩམས་ཆོས་དཔྱད་བསྡུར་གྱི་བྱ་དགའི་མཛད་སྒོ་ཧུའུ་པེ་ཞིང་ཆེན་གྱི་ཞང་ཡཱང་གྲོང་ཁྱེར་དུ་བསྡུས། མཚོ་ནུབ་བརྙན་འཕྲིན་ཁང་གིས་འོས་སྦྱོར་ཞུ་འབུལ་བྱས་པའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་མི་ཆོས་ཀྱི་ཀྲུང་གོ—འཕོ་འགྱུར་ཞེས་པའི་བརྩམས་ཆོས་དཔྱད་བསྡུར་ཁྲོད་སྒྲུང་རིང་རིགས་ཀྱི་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།


རྐ་ཕུག•བསོད་རྡོའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།


རྐ་ཕུག•བསོད་རྡོའི་དངོས་བཤུས་བརྙན་འཕྲིན《རྗེ་བཙུན་བླ་མའི་མཛད་རྣམ》ལ་བརྩམས་ཆོས་བཟང་བོའི་བྱ་དགའ་ཐོབ།

     བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དང་ཁུལ་བཅས་ཀྱི་བརྙན་འཕྲིན་ལས་ཁང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཡན་ལག་མཐུན་ཚོགས་སོ་སོ། སློབ་ཆེན་དང་རྒྱལ་ཁབ་སྨྱན་བྱེད་ལས་ཁུངས50ལྷག་གི་བརྩམས་ཆོས230ལྷག་ལས་དཔྱད་བསྡུར་བྱས་ཏེ་གཏན་འབེབས་བྱས།
     མི་ཆོས་ཀྱི་ཀྲུང་གོ་ཞེས་པའི་དངོས་བཤུས་བརྙན་འཕྲིན་དང་ཆེད་སྒྲིག་བརྩམས་ཆོས་དཔྱད་བསྡུར་གྱི་བྱ་འགུལ་ནི་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་ཅུའི་རིང་ལ། དངོས་བཤུས་བརྙན་འཕྲིན་དང་ཆེད་སྒྲིག་བརྩམས་ཆོས་ཀྱིས་དངོས་ཡོད་འཚོ་བ་འཚོལ་སྡུད་བྱས་ཏེ། རྒྱལ་ཡོངས་ས་གནས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་ལོ་རྒྱུས་ཀྱི་འཕོ་འགྱུར་གླེང་བ་དང་གྲོང་ཁྱེར་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་ཕྱོགས་ལ་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་སྒོ་ཞིག་ཡིན།

     བརྩམས་ཆོས་ནི་​འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མདོ་སྨད་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བརྒྱ་དང་གསུམ་པ་བ་རྡོ་རྗེ་འཆང་དགེ་ཀྱཱ་སྐུ་ཕྲེང་བརྒྱད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བརྗོད་ན༧རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་རྣམ་པར་ཐར་བ་ལ་ཕྱི་ནང་གསང་གསུམ་ཡོད་ཅིང་ཐུན་མོང་མ་ཡིན་པའི་རྣམ་ཐར་ནི་སོ་སྐྱེས་ཐ་མལ་བ་རྣམས་ཀྱི་སྣང་ངོར་མི་ཤོང་བས། འདིར་ཁོང་རང་ཞལ་བཞུགས་དུས་ཀྱི་ཐུན་མོང་གི་མཛད་རྣམ་གལ་ཆེ་བའི་ནང་དོན་རྣམས་ལས་འཕྲོས་ཏེ་བརྙན་རིས་དང་ངོ་སྤྲོད་སྦྲགས་མས་འགོད་པར། དང་པོ་སྐུ་བལྟམས་པ་དང་ཡང་སྲིད་དུ་ངོས་བཟུང་བ། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཆོས་བཞུགས་གནང་ཤིང་བླ་མ་ལས་གདམས་ངག་ཐོབ་པ། བར་དུ་སྐུ་འབུམ་བྱམས་པ་གླིང་གི་གསེར་ཁྲིར་ཕེབས་པ་དང་འཇིག་རྟེན་འཕོ་འགྱུར་བྱུང་བ། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཕྱིར་ཕེབས་པ། ཕྱིས་སུ་རི་ཁྲོད་འགྲིམས་་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འགྲོ་བའི་མགོན་དུ་བཞུགས་བཞིན་པ་བཅས་མདོར་བསྟན་ཡོད།

     རྒྱུས་ལོན་པ་ལྟར་ན། 《རྗེ་བཙུན་བླ་མའི་མཛད་རྣམ》ཞེས་པའི་དངོས་བཤུས་བརྙན་འཕྲིན་འདི་ནི་དགེ་ཀྱཱ་དགེ་སྒར་བ་དང་སྐུ་འབུམ་བྱམས་པ་གླིང་གིས་ཐུགས་བཀོད་ལྟར། མཚོ་ནུབ་བརྙན་འཕྲིན་ཁང་གི་བརྙན་འཕྲིན་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོ་ལགས་ཀྱིས་སྒྲིག་ཁྲིད་དང་བརྙན་ཕབ་བྱས་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། སྔ་གཞུག་ཏུ་ལོ་ངོ་གཉིས་ལྷག་གི་རིང་ལ་རྗེ་བཙུན་བླ་མའི་འཁྲུངས་རབས་ཀྱི་རྒྱུ་ཆ་འཚོལ་སྡུད་དང་ཡུལ་དངོས་བརྙན་ཕབ། མཐོང་ཐོས་ཟིན་འགོད་བྱས་ཤིང་། ལྷག་པར་དུ་རྗེ་བཙུན་བླ་མ་དམ་པས་འགྲོ་བ་སྤྱི་དང་སེམས་ཅན་ཀུན། རྒྱལ་ཁབ་བརྟན་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་བགྲང་བྱ་དུ་མར་རི་ཁྲོད་འགྲིམས་ཤིང་། སྙིང་རྗེ་དང་བརྩེ་བ་ཆེན་པོས་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། དགུང་གྲང་བརྒྱད་ཅུ་ལྷག་ལ་ཕེབས་ཀྱང་ཆོས་རྒྱུན་གཙང་མར་དམ་ཚིག་གི་སེལ་མ་ཞུགས་པ་དང་བྱིན་རླབས་ཀྱི་དྲོད་མ་ཡལ་བར། ཕྱོགས་མཐའ་དབུས་ཀྱི་ཡུལ་གྲུ་མང་པོ་ནས་ཕེབས་པའི་སྐལ་ལྡན་གྱི་བུ་སློབ་རྣམས་ལ་ཕྱག་བཞེས་ལེགས་པར་གནང་སྟེ། འཛམ་གླིང་ཞི་བདེ་ཡོང་བ་དང་། ཡུལ་གྲུ་ཀུན་ཏུ་ཐན་པ་མུ་གེ་ནད་ཡམས་དམག་འཁྲུགས་སོགས་མི་འབྱུང་བ། འགྲོ་བ་རྣམས་གནས་སྐབས་བདེ་ཞིང་སྐྱིད་པ་དང་མཐར་ཐུག་གཏན་གྱི་བདེ་བ་འཐོབ་ཕྱིར་འགྲོ་བའི་མགོན་དུ་བཞུགས་བཞིན་པའི་མཛད་རྗེས་ཞབས་ཀྱི་པད་མོ་རྣམས་བརྙན་མིག་ཏུ་ཉར་ཏེ། ས་ལེ་དབར་ཆིག་ཁྲི་ལྷག་ལ་རྗེ་བཙུན་བླ་མའི་ངོ་མཚར་རྣམ་ཐར་འཚོལ་དུ་སོང་ཞིང་། མཐར་རྩོམ་སྒྲིག་དང་སྒྲིག་སྦྱོར་ཞིབ་ཚགས་སྒོས་ཀུན་གྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་། བརྩམས་ཆོས་ལས་སྐྱེས་བུ་དམ་པའི་ཕྱི་ནང་གསང་གསུམ་གྱི་མི་སེམས་སྒུལ་བའི་མི་ཆོས་རིང་ལུགས་དང་བོད་རྒྱུན་ནང་བསྟན་གྱི་ཤུགས་ན་འཚེར་བའི་སྙིང་རྗེའི་བྱ་གཞག མཚོ་སྔོན་གྱི་འཆམ་མཐུན་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་མངོན་མཚོན་བྱས་ཡོད་ལ། འདི་ནི་སྐུ་ཞབས་བསོད་རྡོ་ལགས་ཀྱིས《སྐྱིད་སྡུག་གི་ལོ་ཟླ》དང《འཚར་ལོངས་སྐྱ་བོ》སོགས་ཀྱི་བརྙན་འཕྲིན་བརྩམས་ཆོས་རྗེས་སུ།རིག་གནས་དང་ལོ་རྒྱུས། མི་ཚེ་བཅས་རིན་ཐང་གསུམ་ལྡན་གྱི་བླ་མ་དམ་པའམ་སྐྱེས་བུ་དམ་པའི་མཛད་འཕྲིན་བརྗོད་པའི་དངོས་བཤུས་བརྙན་འཕྲིན་དྲང་ནུས་ལྡན་པ་ཞིག་རེད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།