མང་རྫོང་དུ་གློག་བརྙན《སྒྲོལ་དཀར》གྱི་ཕབ་སྐྲུན་མཛད་སྒོ་དངོས་སུ་བསྡུས་པ།
ཕབ་སྐྲུན་མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་དང་འཁྲབ་སྟོན་པ།
རྒྱུས་ལོན་པ་ལྟར་ན། ཉེ་སྔོན། གློག་བརྙན《སྒྲོལ་དཀར》གྱི་ཕབ་སྐྲུན་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱ་མདོ་ཡུལ་ཚོའི་གོ་ར་སྡེ་བ་ནས་སྤེལ་ཞིང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་དང་བྱ་མདོ་ཡུལ་ཚོ་སྲིད་གཞུང་གི་འགོ་ཁྲིད། མང་རྫོང་རིག་རྩལ་རྒྱང་སྒྲོག་ཅུའུ་ཡི་འགན་ཁུར་བ་དག་ཐེངས་འདིའི་ཕབ་སྐྲུན་མཛད་སྒོའི་སྟེང་ཞུགས།
གློག་བརྙན་འདིའི་འཁྲབ་སྟོན་མི་སྣ་དག་ནི་བྱ་མདོ་ཡུལ་ཚོ་ནས་ཡོང་བའི་སྤྱིར་བཏང་གི་སྡེ་མི་རྐྱང་རྐྱང་ཡིན་ལ། ཁོ་མོ་ཚོས་རང་གི་ལྷད་མེད་ཀྱི་བརྩེ་བ་ཞིག་གིས་བོད་ཀྱི་བརྩེགས་དྲུབ་ཁྱིམ་རྒྱུད་ཞིག་གི་དངོས་ཡོད་འཚོ་བའི་སྣང་བརྙན་་གཙོ་བོར་བཟུང་ནས་བརྗོད་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com