གློག་བརྙན《དཀོན་མཆོག་སྒྲོལ་མ》ལ་གྷ་ནཱ་གློག་བརྙན་དུས་ཆེན་དུ་གདེང་འཇོག་ལེགས་པོ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-23 10:34:00 ཀློག་གྲངས།:

གློག་བརྙན《དཀོན་མཆོག་སྒྲོལ་མ》ལ་གྷ་ནཱ་གློག་བརྙན་དུས་ཆེན་དུ་གདེང་འཇོག་ལེགས་པོ་ཐོབ།
གློག་བརྙན《དཀོན་མཆོག་སྒྲོལ་མ》ལ་གྷ་ནཱ་གློག་བརྙན་དུས་ཆེན་དུ་གདེང་འཇོག་ལེགས་པོ་ཐོབ།


གློག་བརྙན《དཀོན་མཆོག་སྒྲོལ་མ》ལ་གྷ་ནཱ་གློག་བརྙན་དུས་ཆེན་དུ་གདེང་འཇོག་ལེགས་པོ་ཐོབ།


ཡུལ་དངོས་ཀྱི་རྣམ་པ།


གཙོ་འཁྲབ་པ་དཀོན་མཆོག་སྒྲོལ་མ།


ཡུལ་དངོས།

     ཉེ་ཆར། དངོས་བྲིས་གློག་བརྙན《དཀོན་མཆོག་སྒྲོལ་མ》ཞེས་པ་སྐབས་རེ་དགུ་བའི་གྷ་ནཱ་གློག་བརྙན་དུས་ཆེན་དུ་གཟིགས་འབུལ་གནང་ཞིང་། གློག་བརྙན་གྱི་གཙོ་འཁྲབ་པ་རྨི་ལམ་ལ་སྙེག་པའི་གཏམ་རྒྱུད་དེས་མི་མང་པོར་སེམས་འགུག་ཐེབས་སུ་བཅུག་པ་མ་ཟད། དཔྱད་འདེམ་པ་དང་ཕྱོགས་སོ་སོའི་སྐུ་མགྲོན་དག་གི་གདེང་འཇོག་ལེགས་པོ་ཐོབ།
     དངོས་བྲིས་གློག་བརྙན《དཀོན་མཆོག་སྒྲོལ་མ》ཞེས་པའི་གཙོ་འཁྲབ་པ་དཀོན་མཆོག་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་བ་ནས་ཡོང་ཞིང་། ཆུང་དུས་ནས་ཕ་མ་དང་ལྷན་དུ་ཕྱུགས་རིགས་འཚོ་སྐྱོང་བྱས་ལ། གླུ་གཞས་ལེན་པར་ཤིན་ཏུ་དགའ། ནར་སོན་རྗེས་མོ་གཅིག་པུ་པེ་ཅིང་དུ་རྨི་ལམ་འཚོལ་དུ་ཕྱིན་པ་དང་། དཀའ་ཁག་གང་མང་ལ་འཕྲད་ཀྱང་བོད་སྐད་ཀྱི་གླུ་གཞས་ལེན་ཅི་ཐུབ་བྱས་ཏེ་བོད་རང་གི་རིག་གནས་དྲིལ་སྒྲོག་གི་ལམ་བུ་བཙལ་བ་རེད།
     གྷ་ནཱའི་དཔྱད་འདེམ་པ་ཞིག་སྟེ་ཧྥ་རན་སིའི་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་མཱ་ཁི་ཡིས་གློག་བརྙན《དཀོན་མཆོག་སྒྲོལ་མ》ཞེས་པར་གཟིགས་རྗེས་གཙོ་འཁྲབ་པ་དཀོན་མཆོག་གིས་ཡིད་འགུག་ཐེབས་སུ་བཅུག་པས་གློག་བརྙན་ལ་གཟེངས་བསྟོད་མི་དམན་པ་གནང་། སི་རི་ལན་ཁའི་གློག་བརྙན་པ་མི་སྐོར་ཞིག་ཆེད་དུ《དཀོན་མཆོག་སྒྲོལ་མ》ཞེས་པའི་གློག་བརྙན་ཚན་ཆུང་བཙལ་ཡོང་བ་དང་། 《ལམ་ཁའི་གསོལ་ཇ》ཞེས་པའི་སྒྲིག་བཟོ་བ་ཏན་ཙོ་ལུང་གིས་ཁོ་ཚོའི་ཀུང་ཟིས་མ་དངུལ་གཏོང་བ་དང་ཀྲུང་གོར་མཉམ་འབྲེལ་སྒོས་གཏམ་རྒྱུད་འདི་གློག་བརྙན་དུ་ཕབ་སྟེ་མི་སྔར་ལས་མང་པོར་ཤུགས་རྐྱེན་ཐེབས་པར་བྱས་ཆོག་པ་བསྟན།
     ཧྥ་རན་སི་ན་མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་མུ་ལིར་ཧྥེ་ལི་ཕུ་ཡང་གློག་བརྙན《དཀོན་མཆོག་སྒྲོལ་མ》ཞེས་པས་ཡིད་སེམས་བཀུག་སྟེ་ཆེད་དུ་གློག་བརྙན་ཚན་ཆུང་གི་ཚོགས་མི་དང་ལྷན་དུ་དགོང་ཟས་ལ་རོལ་བ་དང་། དཀོན་མཆོག་གིས་གླུ་གཞས་བླངས་པར་མུ་ལིར་གྱིས་བསྟོད་པ་ཚད་མེད་གནང་། ཁོ་རང་བོད་ཀྱི་གཏམ་རྒྱུད་ལ་ངོ་མཚར་དང་དགའ་སྤྲོ་སྐྱེས་ཤིང་མ་འོངས་པར་ཁོས་རང་གི་ནུས་ཤུགས་བཏོན་ཏེ་བོད་རིགས་བརྗོད་དོན་གྱི་གློག་བརྙན་ཞིག་ཕབ་སྲིད་ཟེར།
     རྒྱུས་ལོན་པ་ལྟར་ན། དཀོན་མཆོག་ཀྱང་གྷ་ནཱའི་ཚན་ཆུང་ཨུ་ཡོན་ལྷན་ཚོགས་ཀྱི་ས་གདན་དམར་པོའི་སྟེང་འགྲོ་བར་བཀོད་སྒྲིག་གནང་ཞིང་། གྷ་ནཱའི་བྱ་འགུལ་མཇུག་སྒྲིལ་རྗེས་མོ་ཡང་འཁྲབ་ཁྲིད་པ་དང་འགྲོགས་ཏེ་ལུན་ཏུང་རྒྱ་སྐད་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་དུ་ཞུགས་ལ། གློག་བརྙན་དུས་ཆེན་འདི་ནི་ལུན་ཏུང་སློབ་ཆེན་རྒྱལ་པོའི་སློབ་གླིང་དང་དབྱིན་ཇི་གློག་བརྙན་སློབ་ཚོགས་ལྷོ་འགྲམ་ལྟེ་གནས་སུ་སྤེལ་བ་དང་། གློག་བརྙན《དཀོན་མཆོག་སྒྲོལ་མ》ཡང་སྟབས་ལེགས་པའི་ངང་དངོས་བྲིས་གློག་བརྙན་གཙོ་འགྲན་སྡེ་ཚན་དུ་ཚུད་པ་མ་ཟད་ཕུལ་བྱུང་གློག་བརྙན་རྩོད་པའི་གོ་སྐབས་ཀྱང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།