གློག་བརྙན《ཐར་ལོའི》ཕབ་སྐྲུན་བྱ་བ་མདོ་སྨད་ཁྲི་ཀ་ནས་མཇུག་སྒྲིལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-27 10:38:00 ཀློག་གྲངས།:

གློག་བརྙན《ཐར་ལོའི》ཕབ་སྐྲུན་བྱ་བ་མདོ་སྨད་ཁྲི་ཀ་ནས་མཇུག་སྒྲིལ།
གློག་བརྙན《ཐར་ལོའི》འཁྲབ་སྟོན་པ་ཞི་བདེ་ཉི་མ་དང་གཡང་ཕྱུག་འཚོ།

     ཉེ་ལམ། གློག་བརྙན《ཐར་ལོའི》ཕབ་སྐྲུན་མདོ་སྨད་ཁྲི་ཀ་ནས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།
     《ཐར་ལོ》འཁྲབ་མཁན་ཞི་བདེ་ཉི་མས་བཤད་རྒྱུར། གློག་བརྙན་འདི་ཕབ་སྐྲུན་བྱེད་པའི་ཉིན་ཞག་གི་དུས་ཚོད་ནང་དུ། ཐར་ལོ་ཟེར་བའི་མི་སྣ་འདིའི་མི་ཚེ་སྣང་བརྙན་གསར་བཞེངས་བྱེད་པར་སེམས་དང་ལུས་ཀྱི་འཁྲབ་སྟངས་གསར་བ་ཞིག་ལ་འཚོལ་བསྙེགས་ཐུབ་སོང་བ་དང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གློག་བརྙན་ལ་ཕུལ་པའི་རྣམ་དག་གི་བསམ་བློ་དང་། སྒྱུ་རྩལ་གྱི་ཐབས་ལམ་གསར་བ། ཞིབ་ཆ་དང་སྡུག་རུས་ཀྱི་སྒྱུ་རྩལ་འགན་འཁྲི་ཡིས་ཕབ་སྐྲུན་ཚན་ཆུང་གི་མི་སྣ་སོ་སོར་མྱོང་ཚོར་ཟབ་མོ་ཞིག་བཞག་སོང་བ་མ་ཟད། བོད་ཀྱི་གཞོན་སྐྱེས་གཞས་མ་དང་གློག་བརྙན་འཕྲིན་འཁྲབ་སྟོན་པ་གཡང་ཕྱུག་འཚོའི་འཁྲབ་སྟོན་སྒྱུ་རྩལ་གྱི་འཚོལ་སྙེགས་ཀྱི་སེམས་འདུན་དྭངས་མ་ལས་ཁོ་མོ་ནི་སྒྱུ་རྩལ་ལ་ཕུགས་བསམ་རྣལ་མ་ཡོད་པའི་བུ་མོ་འཇོན་ཐང་ཅན་ཞིག་ཡིན་པའང་ཚོར་དུ་བཅུག དེ་མིན་ཚན་ཁག་སོ་སོའི་བྱང་ཆ་ལྡན་པའི་ཆེད་ལས་ལག་རྩལ་དང་། གློག་བརྙན་གྱི་ཤེས་བྱར་བརྩོན་བཞིན་པའི་བོད་ཀྱི་གཞོན་སྐྱེས་པ་དག་གི་སྡུག་རུས་དང་འབད་འབུངས་ཀྱི་སེམས་ཤུགས་ལ་ཡི་རང་བྱེད་བཞིན་ཡོད།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་གསར་བ་འདིས་གློག་བརྙན་ལས་རིགས་སུ་གྲུབ་འབྲས་གཡུར་ཟ་ལེན་པའི་སྨོན་འདུན་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།